མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་ཁོ་ཐེ་ཏི་ཝོར་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་དང་གྲོས་མོལ་མཛད་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-19 11:06

0.jpg

 སྤྱི་ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁོ་ཐེ་ཏི་ཝོར་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་སོ་ལོ་དང་གྲོས་མོལ་མཛད་པ། 

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས18ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ཁང་ཁོ་ཐེ་ཏི་ཝོར་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་སོ་ལོ་དང་གྲོས་མོལ་མཛད།

    ཀྲང་ཏི་ཅང་གིས་གསུངས་རྒྱུར། ཁྲིམས་འཛུགས་ལས་ཁུངས་བར་གྱི་འགྲོ་འོང་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་གཉིས་ཀྱིས་བརྗེ་རེས་ལ་ཤུགས་སྣོན་པ་དང་། མཛའ་བཤེས་ཇེ་དམ་དུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན་པས། ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཁྲོད་ཉིན་རེ་བཞིན་གལ་ཆེ་བའི་ནུས་པ་འདོན་བཞིན་ཡོད། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཁོ་ཐེ་ཏི་ཝོར་རྒྱལ་དམངས་གྲོས་ཁང་བར་གྱི་མཛའ་མཐུན་འགྲོ་འོང་ཇེ་དམ་དུ་གཏོང་བ་དང་། ཁྲིམས་འཛུགས་ལྟ་སྐུལ་དང་རྒྱལ་སྐྱོང་སྲིད་འཛིན་སོགས་ཐད་ཀྱི་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་བསྣན་ཏེ། ཀྲུང་གོ་དང་ཁོ་ཐེ་ཏི་ཝོར་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་དང་བདེ་བླག་སྒོས་འཕེལ་རྒྱས་སུ་གཏོང་བར་སྟོབས་ཤུགས་བཟང་བོ་འདོན་འདོད་ཡོད་ཟེར།

    སོ་ལོ་ཡིས་བཤད་རྒྱུར། ཁི་ཐེ་ཏི་ཝོར་ཕྱོགས་ཀྱིས་ཀྲུང་གོ་སྤུན་ཟླ་བཟང་བོ་དང་གྲོགས་པོ་བཟང་བོར་བརྩིས་ནས། ཀྲུང་གོ་གཅིག་གི་ལངས་ཕྱོགས་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་རྒྱུ་དང་། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་བར་གྱི་མཛའ་མཐུན་འགྲོ་འོང་ལ་སྔར་ལས་ཤུགས་སྣོན་རྒྱུ་ཡིན་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག