མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་ལ་ཞུགས་རྒྱུ་ཡིན་པ་དང། རོ་མ་ནི་ཡ་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་མཛད་རྒྱུ་ཡིན་པར་མ་ཟད། ད་རུང་བུའུ་ཙི་པེད་ཁི་སི་ཐན་ནས་བསྡུ་རྒྱུ་ཡིན་པའི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་ཙུང་ལིའི་གྲོས་ཚོགས་ཐེངས་བཅུ་གཉིས་པར་ཞུགས་རྒྱུ་ཡིན་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-19 11:06

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རོ་མ་ནི་ཡ་རྒྱལ་ཁབ་ཀྱི་ཙུང་ལི་ཕུན་ཐ་དང་བུའུ་ཙི་པེད་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་སྨིས་ཨར་ཅི་ཡོ་ཡེ་ཧྥུའུ་གཉིས་ཀྱིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་སྤྱི་ཟླ11པའི་ཚེས25ཉིན་ནས་ཚེས29ཉིན་བར་རོ་མ་ནི་ཡ་རྒྱལ་ཁབ་ནས་བསྡུ་རྒྱུ་ཡིན་པའི་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་ལ་ཞུགས་རྒྱུ་ཡིན་པར་མ་ཟད། རོ་མ་ནི་ཡ་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་མཛད་རྒྱུ་དང་། བུའུ་ཙི་པེད་ཁི་སི་ཐན་ནས་བསྡུ་རྒྱུ་ཡིན་པའི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་ཙུང་ལིའི་གྲོས་ཚོགས་ཐེངས་བཅུ་གཉིས་པར་ཞུགས་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག