མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་དམག་ཡོངས་ཀྱི་དམག་དོན་འཐབ་རྩོད་མཁོ་སྤྲོད་གྲ་སྒྲིག་བྱ་བའི་གྲོས་ཚོགས་སུ་ཞུགས་པའི་འཐུས་མིར་མཇལ་འཕྲད་གནང་བ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-19 11:06

0.jpg

སྤྱི་ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅོ་བརྒྱད་ཉིན་དམག་ཡོངས་ཀྱི་དམག་དོན་འཐབ་རྩོད་མཁོ་སྤྲོད་གྲ་སྒྲིག་བྱ་བའི་གྲོས་ཚོགས་སུ་ཞུགས་པའི་འཐུས་མི་རྣམས་ལ་མཇལ་འཕྲད་གནང་། འདི་ནི་ཞི་ཅིན་ཕེན་སོགས་ཀྱིས་འཐུས་མི་རྣམས་ལ་སྙིང་ཉེ་བའི་ངང་ཕྱག་འཇུ་གནང་བ་དང་ལྷག་བསམ་རྣམ་དག་གིས་འཚམས་འདྲི་གནང་བཞིན་པའི་ཚུལ་རེད། 

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས18ཉིན་དམག་ཡོངས་ཀྱི་དམག་དོན་འཐབ་རྩོད་མཁོ་སྤྲོད་གྲ་སྒྲིག་བྱ་བའི་གྲོས་ཚོགས་སུ་ཞུགས་པའི་འཐུས་མི་རྣམས་ལ་མཇལ་འཕྲད་གནང་།

    ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་ཞི་ཅིན་ཕེན་སོགས་མགོ་ཁྲིད་བློ་མཐུན་ཅིན་ཞི་མགྲོན་ཁང་དུ་ཕེབས་ཏེ། འཐུས་མི་རྣམས་ལ་སྙིང་ཉེ་བའི་ངང་ཕྱག་འཇུ་གནང་བ་དང་། ཁོ་ཚོར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པར་མ་ཟད། ཚང་མ་དང་མཉམ་དུ་དྲན་རྟེན་གྱི་པར་བླངས།

    ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་པ་ལྟར། དམག་ཡོངས་ཀྱི་དམག་དོན་འཐབ་རྩོད་མཁོ་སྤྲོད་གྲ་སྒྲིག་བྱ་བའི་གྲོས་ཚོགས་ཚེས་བཅོ་བརྒྱད་ཉིན་པེ་ཅིན་ནས་བསྡུས། གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ནི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་ཞི་ཞི་ཅིན་ཕེན་གྱི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། དེང་རབས་མཁོ་སྤྲོད་ཀྱི་སྤྱིའི་དམིགས་འབེན་མངོན་འགྱུར་བྱེད་པ་དང་དེང་རབས་འཐབ་འཛིང་གི་རྒྱལ་ཁ་ལ་ཁག་ཐེག་བྱེད་པའི་མཁོ་སྤྲོད་དང་། དམག་དཔུང་གི་དེང་རབས་ཅན་འཛུགས་སྐྲུན་ལ་ཞབས་ཕྱི་སྒྲུབ་པའི་མཁོ་སྤྲོད། ཆ་འཕྲིན་ཅན་དུ་བསྒྱུར་བའི་མཁོ་སྤྲོད་བཅས་འཛུགས་སྐྲུན་བྱེད་པར་དམིགས་ཏེ། རིགས་གཞུང་གལ་ཆེན་དང་དོན་དངོས་ཀྱི་གནད་དོན་ལ་ཞིབ་འཇུག་བྱེད་རྒྱུ་དེ་ཡིན་ལ། འཐབ་འཛིང་བྱེད་ཐུབ་པ་དང་རྒྱལ་ཁ་ལེན་ཐུབ་པའི་རེ་བ་ལྟར། དམག་དོན་འཐབ་རྩོད་ཀྱི་མཁོ་སྤྲོད་གྲ་སྒྲིག་བྱ་བ་བཟང་བོར་སྒྲུབ་པའི་ལས་འགན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག