མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཨ་མེ་རི་ཁའི་སྔོན་ཆད་ཀྱི་ཙུང་ཐུང་ཁི་ལིན་ཏུན་ལ་མཇལ་འཕྲད་གནང་བ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-19 11:06

0.jpg

སྤྱི་ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་སྔོན་ཆད་ཀྱི་ཙུང་ཐུང་ཁི་ལིན་ཏུན་ལ་མཇལ་འཕྲད་གནང་། 

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས18ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་སྔོན་ཆད་ཀྱི་ཙུང་ཐུང་ཁི་ལིན་ཏུན་ལ་མཇལ་འཕྲད་གནང་།

    ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་འབྲེལ་བར་དཀའ་ཁག་མང་པོ་བྱུང་ན་ཡང། སྤྱིར་ཡང་དག་པའི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། ཕྱོགས་གཉིས་ཀྱིས་ཆབ་སྲིད་དང་དཔལ་འབྱོར་ཉོ་ཚོང་། སྐྱེ་ཁམས། མི་གཞུང་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས་པར་མ་ཟད། ད་རུང་གནམ་གཤིས་འགྱུར་ལྡོག་དང་ནུས་ཁུངས་བདེ་འཇགས་སོགས་ཀྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་དགོས། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་དགོས་ན་རྒྱལ་ཁབ་གཉིས་ཀྱི་ལས་རིགས་ཁག་གི་མི་སྣས་ཧུར་ཐག་སྒོས་དེར་རྒྱབ་སྐྱོར་བྱེད་དགོས་པས། སྐུ་ཞབས་ཁི་ལིན་ཏུན་དང་ཁི་ལིན་ཏུན་ཐེབས་རྩ་ཚོགས་པས་མུ་མཐུད་དུ་དེའི་ཐད་ལ་བྱས་རྗེས་བཞག་ནས། མི་སྣ་སྔར་ལས་མང་པོ་ཀྲུང་གོ་དང་ཨ་མེ་རི་ཁའི་མཛའ་མཐུན་མཉམ་ལས་ལས་དོན་ཁྲོད་ཞུགས་པར་སྣེ་ཁྲིད་བྱེད་དགོས་ཟེར།

    ཁི་ལིན་ཏུན་གྱིས་བཤད་རྒྱུར། ང་རང་ཉིད་དང་ཁི་ལིན་ཏུན་ཐེབས་རྩ་ཚོགས་པས་ཨ་མེ་རི་ཁ་དང་ཀྲུང་གོའི་འཕྲོད་བསྟེན་དང་ནུས་ཁུངས་གསར་བ། སྐྱེ་ཁམས་ཁོར་ཡུག གནམ་གཤིས་འགྱུར་ལྡོག་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་འདོད་ཡོད་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་ཨ་ཧྥེ་རི་ཁ་སོགས་ས་ཁུལ་དུ་མཉམ་ལས་སྤེལ་ཏེ། མིའི་རིགས་བདེ་སྐྱིད་ལྡན་པར་བྱེད་པ་དང་འཛམ་གླིང་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་མཉམ་དུ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག