མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཨུ་རུ་སིའི་འགྲུལ་སྐྱེལ་གནམ་གྲུར་ཆག་སྒོ་བྱུང་སྟེ་མི་སྣ་མང་པོ་རྐྱེན་ལམ་དུ་ཤོར་བའི་ཐད་ནས་ཞི་ཅིན་ཕེན་གྱིས་ཕུའུ་ཅིན་ལ་འཚམས་འདྲིའི་གློག་འཕྲིན་བཏང་བ་དང་ལིས་ཁི་ཆང་གིས་མེས་ཏི་བེ་ཅེ་ཧྥུའུ་ལ་འཚམས་འདྲིའི་གློག་འཕྲིན་བཏང་བ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-19 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས18ཉིན་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་འཚམས་འདྲིའི་གློག་འཕྲིན་བཏང་སྟེ། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་མཛད་དེ། ཉེ་ལམ་ཁ་ཧྲན་གནམ་གྲུ་ཐང་གི་ཆག་སྒོ་དོན་རྐྱེན་ཁྲོད་ཀྱི་འདས་པོ་རྣམས་ལ་སེམས་གཏིང་ནས་མྱ་ངན་ཞུས་པ་དང་། འདས་པོ་རྣམས་ཀྱི་ཁྱིམ་མིར་བྱམས་བརྩེ་ལྡན་པའི་ངང་འཚམས་འདྲི་ཞུས།

ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ཙུང་ལི་མཱེ་ཏི་ཝེ་ཅེ་ཧྥུའུ་ལ་གློག་འཕྲིན་བཏང་སྟེ། ཁ་ཧྲན་གྲོང་ཁྱེར་གྱི་འགྲུལ་སྐྱེལ་གནམ་གྲུར་ཆག་སྒོ་བྱུང་བའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོ་རྣམས་ལ་སེམས་གཏིང་ནས་མྱ་ངན་ཞུས་པ་དང་། འདས་པོ་རྣམས་ཀྱི་གཉེན་ཉེར་སྙིང་ཉེ་བའི་ངང་འཚམས་འདྲི་ཞུས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག