མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཧི་ལན་གྱི་དབུ་བཞུགས་བློན་ཆེན་མཱ་ཁི་ལུའུ་ཐི་དང་གྲོས་མོལ་མཛད་པ།

    2013-11-17 10:55

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧི་ལན་གྱི་དབུ་བཞུགས་བློན་ཆེན་མཱ་ཁི་ལུའུ་ཐི་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧི་ལན་གྱི་དབུ་བཞུགས་བློན་ཆེན་མཱ་ཁི་ལུའུ་ཐི་དང་གྲོས་མོལ་མཛད།

གྲོས་མོལ་མཛད་སྐབས་ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཧི་ལན་རྒྱལ་ཁབ་གཉིས་ཀྱི་བར་ཐག་རིང་ཞིང་ཕྱོགས་གཉིས་ཀྱི་འབྲེལ་བ་ནམ་ཡང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧི་ལན་ཕྱོགས་དང་མཉམ་དུ་མཐོ་རིམ་མགོ་ཁྲིད་པའི་བར་གྱི་འགྲོ་འོང་ཇེ་མང་དུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་མི་གཞུང་བརྗེ་རེས་རྒྱ་བསྐྱེད་པ་དང་། ཀྲུང་གོ་དང་ཧི་ལན་བར་དུ་ཕྱོགས་ཡོངས་དང་སྣ་ཁ་མང་བ་དང་ཆུ་ཚད་མཐོ་བ་བཅས་ཀྱི་མཉམ་ལས་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཧི་ལན་རྒྱལ་ཁབ་གཉིས་ནི་རྒྱལ་སྤྱིའི་ཉོ་ཚོང་རང་མོས་ཅན་གྱི་དར་སྤེལ་གཏོང་མཁན་ཡིན་ལ། དེང་སྐབས་འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་ཕྱོགས་སུ་སྔར་བཞིན་གཏན་འཁེལ་མིན་པའི་རྒྱུ་རྐྱེན་སྣ་ཚོགས་གནས་ཡོད་པས། ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་མཉམ་དུ་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་རེ་འབོད་བཏོན་ནས་ཉོ་ཚོང་དངུལ་གཏོང་དེ་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་པ་དང་། ཧི་ལན་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཡིན་པའི་ཆ་ནས་དེའི་ཐད་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་འདོན་དགོས་ཟེར།

མཱ་ཁི་ལུའུ་ཐི་ཡིས་གསུངས་རྒྱུར། ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཀྱིས་ཧི་ལན་དང་ཀྲུང་གོ་དང་ཨོ་རོབ་གླིང་དང་ཀྲུང་གོའི་མཉམ་ལས་ཐད་ལ་གོ་སྐབས་གསར་བ་སྐྲུན་ངེས་ཡིན་པས། ཧི་ལན་ཕྱོགས་ཀྱིས་ཀྲུང་གོར་མ་དངུལ་གཏོང་ཤུགས་ཇེ་ཆེར་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་ཞིང་ལས། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་པར་མ་ཟད་མུ་མཐུད་དུ་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་པར་འབད་བརྩོན་བྱེད་འདོད་ཡོད་ཟེར།

ཕྱོགས་གཉིས་ཀྱིས་ད་དུང་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག