མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ནས་ཧི་ལན་གྱི་དབུ་བཞུགས་བློན་ཆེན་མཱ་ཁི་ལུའུ་ཐི་རང་རྒྱལ་ལ་དངོས་གཞིའི་འཚམས་འདྲིར་ཡོང་བར་བསུ་བ་བྱས་པ།

    2013-11-17 10:55

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མའི་ནང་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ནས། ཧི་ལན་གྱི་དབུ་བཞུགས་བློན་ཆེན་མཱ་ཁི་ལུའུ་ཐི་རང་རྒྱལ་ལ་དངོས་གཞིའི་འཚམས་འདྲིར་ཡོང་བར་བསུ་བ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མའི་ནང་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ནས། ཧི་ལན་གྱི་དབུ་བཞུགས་བློན་ཆེན་མཱ་ཁི་ལུའུ་ཐི་རང་རྒྱལ་ལ་དངོས་གཞིའི་འཚམས་འདྲིར་ཡོང་བར་བསུ་བ་བྱས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ལིས་སོགས་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས།

ཉིན་དེའི་སྔ་དྲོར་ཐོག་མར་དམག་དཔུང་གི་རོལ་མོ་ཚོགས་པས་ཧི་ལན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་པ་དང་དེར་མཐུད་ནས་ལིས་ཁི་ཆང་དང་མཱ་ཁི་ལུའུ་ཐི་རྣམ་གཉིས་ཀྱིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་མཁའ་སྐམ་མཚོ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་།

མཱ་ཁི་ལུའུ་ཐི་ནི་ལིས་ཁི་ཆང་གིས་གདན་དྲངས་བ་ལྟར་རང་རྒྱལ་ལ་དངོས་གཞིའི་འཚམས་འདྲིར་ཡོང་བ་དང་དེ་ནི་ཁོས་དབུ་བཞུགས་བློན་ཆེན་གྱི་འགན་འཁུར་རྗེས་ཐེངས་དང་པོར་ཀྲུང་གོར་འཚམས་འདྲིར་ཡོང་བ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག