མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་གྲོས་ཚོགས་བསྡུས་ནས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ།

    2013-11-17 10:55

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་གྲོས་ཚོགས་བསྡུས་ནས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ལི་ཅི་ཡིས་བཤད་རྒྱུར། རིམ་པ་སོ་སོའི་རྩ་འཛུགས་ལས་ཁུངས་ཀྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་དགོས་གལ་ཆེ་བའི་ཆབ་སྲིད་ཀྱི་ལས་འགན་ཞིག་ཏུ་བརྩིས་ཏེ་བསམ་བློ་དང་བྱ་སྤྱོད་གཉིས་ཀ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་གཅིག་གྱུར་བྱེད་པ་དང་། ཡར་བརྩོན་འདུ་ཤེས་དང་གོ་སྐབས་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་ཆགས་པར་བྱེད་ཅིང་ཁ་ཕྱོགས་གསལ་བོར་ཤེས་པར་བྱེད་པ་དང་སྤོབས་པ་ཆེན་པོས་འཚོལ་ཞིབ་དང་ལག་ལེན་བྱས་ཏེ། རྩ་འཛུགས་བྱ་བའི་ནང་དོན་དང་བྱེད་ཐབས། ལམ་ལུགས་བཅས་ཀྱི་བཅོས་སྒྱུར་གསར་སྐྲུན་ལ་སྐུལ་འདེད་བཏང་ནས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གནང་བའི་ལས་འགན་སྣ་ཚོགས་ས་ཕྱོགས་ཀུན་ཏུ་དངོས་འབེབས་བཟང་བོ་བྱེད་དགོས་པར་མ་ཟད་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བར་སྟོབས་དང་ལྡན་པའི་རྩ་འཛུགས་ཀྱི་ཁག་ཐེག་དང་ཤེས་ལྡན་མི་སྣ་འདོན་སྤྲོད་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག