མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཨ་མེ་རི་ཁའི་ཙུང་ཐུང་གི་དམིགས་བསལ་འཐུས་མིར་མཇལ་འཕྲད་གནང་བ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-16 20:21

0.jpg

སྤྱི་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་ཏིའོ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་ཨ་མེ་རི་ཁའི་ཙུང་ཐུང་གི་དམིགས་བསལ་འཐུས་མི། ནོར་སྲིད་པུའུ་ཀྲང་ཡ་ཀི་པུའུ་ལུའུ་ལ་མཇལ་འཕྲད་གནང་བ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས15ཉིན་ཏིའོ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་ཨ་མེ་རི་ཁའི་ཙུང་ཐུང་གི་དམིགས་བསལ་འཐུས་མི། ནོར་སྲིད་པུའུ་ཀྲང་ཡ་ཀི་པུའུ་ལུའུ་ལ་མཇལ་འཕྲད་གནང་།

    ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ད་ལྟ་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་པའི་གནས་བབ་བཟང་བོ་བྱུང་ཡོད། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ནི་སོ་སོར་ཆེས་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་ཆེས་ཆེ་བའི་དར་རྒྱས་རྒྱལ་ཁབ་ཡིན་པས། རང་ཉིད་ཀྱི་དོན་དག་བཟང་བོར་བསྒྲུབ་པ་ནི་འཛམ་གླིང་ལ་བྱས་རྗེས་ཆེས་ཆེན་པོ་བཞག་པ་ཡིན། ཀྲུང་གོས་སྔར་ལས་ཆེ་བའི་སྟོབས་ཤུགས་ལ་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་རྒྱུན་མཐུད་དང་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན། ཨ་མེ་རི་ཁས་གྲུབ་ཚུལ་རང་བཞིན་གྱི་ལེགས་སྒྲིག་ལ་སྐུལ་འདེད་བཏང་སྟེ། བརྟན་འཇགས་དང་རྒྱུན་མཐུད་ཀྱི་ནོར་སྲིད་འཁོར་རྒྱུག་ལམ་ལུགས་འཛུགས་སྐྲུན་བྱས་ནས། དཔལ་འབྱོར་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་བར་ཁག་ཐེག་བྱེད་དགོས་པར་རེ་བ་བྱེད་བཞིན་ཡོད་ཟེར།

    ཡ་ཀི་པུའུ་ལུའུ་ཡིས་ཐོག་མར་ཞི་ཅིན་ཕེན་ལ་ཙུང་ཐུང་ཨོ་པ་མ་ཡིས་འཚམས་འདྲི་ཞུས་པ་བརྒྱུད་སྒྲོག་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་ལེགས་གྲུབ་བྱུང་བར་སྨོན་འདུན་ཞུས། ཁོས་བཤད་རྒྱུར། ཙུང་ཐུང་ཨོ་པ་མ་ཡིས་ང་རང་ཆེད་དུ་ཀྲུང་གོར་འཚམས་འདྲིར་མངགས་པའི་དམིགས་ཡུལ་ནི་ཀྲུང་གོའི་བཅོས་བསྒྱུར་གྱི་བྱེད་ཕྱོགས་དང་སྲིད་ཇུས་ལ་རྒྱུས་ལོན་བྱེད་རྒྱུ་དེ་རེད། ངས་ཀྲུང་གོའི་བཅོས་བསྒྱུར་གྱི་བསམ་ཕྱོགས་དང་བྱེད་ཐབས་ཙུང་ཐུང་ཨོ་པ་མ་ལ་ཡར་ཞུ་བྱེད་རྒྱུ་ཡིན། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འཛམ་གླིང་རང་བཞིན་དང་ས་ཁུལ་རང་བཞིན་གྱི་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་འདོད་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག