མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་ནས་ཡེ་མིན་གྱི་ཙུང་ཐུང་ཧ་ཏི་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-15 10:14


རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས14ཉིན་པེ་ཅིན་ནས་ཡེ་མིན་གྱི་ཙུང་ཐུང་ཧ་ཏི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས14ཉིན་པེ་ཅིན་ནས་ཡེ་མིན་གྱི་ཙུང་ཐུང་ཧ་ཏི་ལ་མཇལ་འཕྲད་གནང་།

མཇལ་འཕྲད་གནང་སྐབས་ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཡེ་མིན་གྱི་ཆབ་སྲིད་རྨང་གཞི་བརྟན་ཞིང་མཉམ་ལས་ཀྱི་ཁྱབ་ཁོངས་ཧ་ཅང་རྒྱ་ཆེ་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་དུ་མཛའ་བཤེས་ཟབ་མོ་ཆགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡེ་མིན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་བར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་སྣ་ཚོགས་དངོས་འབེབས་བཟང་བོ་བྱེད་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་དེ་ཀྲུང་གོ་དང་ཡེ་མིན་མཛའ་མཐུན་ཡོང་བའི་རྒྱབ་སྐྱོར་མཁན་དང་སྐུལ་འདེད་མཁན་ཡིན་པའི་ཆ་ནས་ཡེ་མིན་ཕྱོགས་དང་མཉམ་དུ་རྒྱལ་སྐྱོང་སྲིད་འཛིན་དང་སྲིད་ཞུགས་སྲིད་གླེང་སོགས་ཕྱོགས་ཀྱི་ཉམས་མྱོང་དང་བརྗེ་རེས་ལ་ཤུགས་སྣོན་འདོད་ཡོད་ཟེར།

ཧ་ཏི་ཡིས་བཤད་རྒྱུར། ཡེ་མིན་དང་ཀྲུང་གོའི་བར་ལ་མཛའ་བཤེས་ཟབ་མོ་ཆགས་ཡོད་པ་དང་། ཡེ་མིན་དང་ཀྲུང་གོའི་འབྲེལ་བ་དེ་དུས་དང་རྣམ་པ་ཀུན་ཏུ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཡེ་མིན་ཕྱོགས་ཀྱིས་ཀྲུང་གོས་བློ་བརྟན་འགྱུར་མེད་སྒོས་ཡེ་མིན་གྱི་གཅིག་གྱུར་དང་བདེ་འཇགས། བརྟན་འཇགས། འཕེལ་རྒྱས་བཅས་ཀྱི་ཐད་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུ་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཆབ་སྲིད་དང་དཔལ་འབྱོར་ཉོ་ཚོང་སོགས་ཁྱབ་ཁོངས་སུ་ཡུན་རིང་འཐབ་ཇུས་ཀྱི་མཉམ་ལས་འབྲེལ་བ་འཛུགས་འདོད་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག