མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཡུན་ཧྲན་ཀྲུང་དབྱང་ཏང་གི་སློབ་གྲྭའི་སྟོན་དུས་སློབ་སྐབས་ཀྱི་སྐོར་གཉིས་པའི་སློབ་མགོ་རྩོམ་པའི་མཛད་སྒོར་ཞུགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-15 10:13


ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས་ཚེས14ཉིན་གྱི་ཕྱི་དྲོར2013ལོའི་སྟོན་དུས་སློབ་སྐབས་ཀྱི་སྐོར་གཉིས་པའི་ཟབ་སྦྱོང་འཛིན་གྲྭའི་སློབ་མགོ་རྩོམ་པའི་མཛད་སྒོ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ལིག་ཡུང་ཧྲན་སློབ་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས་ཚེས14ཉིན་གྱི་ཕྱི་དྲོར2013ལོའི་སྟོན་དུས་སློབ་སྐབས་ཀྱི་སྐོར་གཉིས་པའི་ཟབ་སྦྱོང་འཛིན་གྲྭའི་སློབ་མགོ་རྩོམ་པའི་མཛད་སྒོ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ལིག་ཡུན་ཧྲན་སློབ་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས་ཚེས14ཉིན་གྱི་ཕྱི་དྲོར་2013ལོའི་སྟོན་དུས་སློབ་སྐབས་ཀྱི་སྐོར་གཉིས་པའི་ཟབ་སྦྱོང་འཛིན་གྲྭའི་སློབ་མགོ་རྩོམ་པའི་མཛད་སྒོ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ལིག་ཡུན་ཧྲན་སློབ་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་། ལིག་ཡུན་ཧྲན་གྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ནས། བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། བློ་གྲོས་དང་སྟོབས་ཤུགས་ཚང་འཛོམས་གྲོས་ཚོགས་སྟེང་གཏན་ལ་ཕབ་པའི་བཅོས་བསྒྱུར་གྱི་ལས་འགན་སྣ་ཚོགས་མངོན་འགྱུར་བྱེད་པའི་ཐད་གཅིག་སྡུད་བྱེད་དགོས་ཞེས་ནན་གྱིས་བསྟན།

ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ལོ་རྒྱུས་ཀྱི་མགོ་ཚུགས་ས་གསར་བ་ནས་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་ཐད་ལ་འཐབ་ཇུས་ཀྱིས་བཀོད་སྒྲིག་བྱས་པར་མ་ཟད། རིགས་གཞུང་ཐད་ནས་གསར་སྐྲུན་གལ་ཆེན་རབས་དང་རིམ་སྤེལ་ལ། སྲིད་ཇུས་ཐད་ནས་འཕེལ་རྒྱས་གལ་ཆེན་རབས་དང་རིམ་པ་བྱུང་ཡོད། དེ་ལས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གིས་བཅོས་བསྒྱུར་སྒོ་འབྱེད་ཀྱི་དར་ཆ་མཐོན་པོར་སྒྲེང་བའི་རང་རྟོགས་མཐོན་པོ་མཚོན་ཡོད། ཚང་འཛོམས་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་བའི་ཆོད་དོན་ལས་བཅོས་བསྒྱུར་ཕྱོངས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་ཇུས་གཞི་གསར་བ་གཏན་ལ་ཕབ་པས། ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་རྩ་གནད་རང་བཞིན་གྱི་ཡིག་ཆ་ཞིག་རེད་ཟེར།

ལིག་ཡུན་ཧྲན་གྱིས་ནན་གྱིས་གསུངས་རྒྱུར། ཚང་འཛོམས་གྲོས་ཚོགས་ཀྱི་ནང་དོན་ཕུན་སུམ་ཚོགས་པས། གཞི་རྩའི་དགོངས་དོན་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ་དང་། བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་མཛུབ་སྟོན་བསམ་བློ་དང་བྱེད་ཕྱོགས་གལ་ཆེན། དམིགས་འབེན་དང་ལས་འགན། སྲིད་ཇུས་བྱེད་ཐབས་བཅས་ལ་གོ་བ་ཟབ་མོ་ལེན་དགོས་པར་མ་ཟད། དགོངས་དོན་གྱི་ངོ་བོ་དང་དོན་སྙིང་གལ་ཆེན་ཁོང་དུ་ཆུད་པར་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། སྟོབས་ཤུགས་ཡོད་རྒུས་བསམ་བློ་གཅིག་གྱུར་བྱེད་པ་དང་། ཏང་ཡོན་དང་ལས་བྱེད་པ་རྩ་འཛུགས་བྱས་ནས་སློབ་སྦྱོང་བཟང་བོ་བྱེད་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག