མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཡེ་མིན་གྱི་ཙུང་ཐུང་ཧ་ཏི་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-15 10:13


སྤྱི་ཟླ11པའི་ཚེས14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཡེ་མིན་གྱི་ཙུང་ཐུང་ཧ་ཏི་ལ་མཇལ་འཕྲད་གནང་།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཡེ་མིན་གྱི་ཙུང་ཐུང་ཧ་ཏི་ལ་མཇལ་འཕྲད་གནང་།

མཇལ་འཕྲད་གནང་སྐབས་ལིས་ཁི་ཆང་གིས་གསུངས་རྒྱུར། ཡེ་མིན་ནི་ཆེས་སྔ་མོར་ཀྲུང་གོ་གསར་བའི་བར་འབྲེལ་བ་བཙུགས་པའི་ཨ་རོབ་རྒྱལ་ཁབ་ཁྲོད་ཀྱི་གཅིག་ཡིན་ལ། ཚེས་བཅུ་གསུམ་ཉིན་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཙུང་ཐུང་རྣམ་གཉིས་ཀྱིས་ཕན་འབྲས་ལྡན་པའི་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱིས་ཆབ་སྲིད་ཐད་ནས་ཕན་ཚུན་ལ་ཡིད་ཆེས་ཆེན་པོ་དང་ཕན་ཚུན་ལ་བརྩི་འཇོག་བྱས་པས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡུན་རིང་བོར་བདེ་བླག་ངང་འཕེལ་རྒྱས་སུ་སོང་། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཡེ་མིན་གྱིས་བརྟན་འཇགས་དང་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་པ་དང་ཆབ་སྲིད་བར་བརྒལ་གྱི་འཕེལ་རིམ་ལ་ཧུར་ཐག་བྱེད་པར་རྒྱབ་སྐྱོར་བྱེད་པར་མ་ཟད། ཡེ་མིན་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཡེ་མིན་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་འབད་བརྩོན་བྱེད་འདོད་ཡོད་ཟེར།

ཧ་ཏི་ཡིས་བཤད་རྒྱུར། ཀྲུང་གོས་དུས་ཡུན་རིང་བོར་ས་གནས་ཀྱི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་ཡེ་མིན་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་ལ་ནུས་པ་ཆེན་པོ་བཏོན་པས་ཡེ་མེན་ཕྱོགས་ཀྱིས་དེའི་ཐད་ལ་བཀའ་དྲིན་ཆེ་ཞུས་པ་ཡིན། ཡེ་མིན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐུན་སྦྱོར་དང་གཞོགས་འདེགས་བྱེད་པར་གཙིགས་འཛིན་བྱེད་པ་དང་། གཉིས་ཕན་མཉམ་ལས་རྒྱ་བསྐྱེད་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག