མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-14 10:25

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གིས་ཟླ9བའི་ཚེས17ཉིན་ཀྲུང་ནན་ཧེ་ནས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཀྲུང་གུང་ཀྲུང་དབྱང་གི་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་གནད་དོན་གལ་ཆེན་རབ་དང་རིམ་པའི་ཆོད་དོན་ཐད་ནས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་མགོ་ཁྲིད། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་བསམ་འཆར་དང་གྲོས་གཞི་ལ་ཉན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་པར་མ་ཟད་གསུངས་བཤད་གལ་ཆེན་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཡུས་ཀྲིན་ཧྲིན་དང་ལིག་ཡུན་ཧྲན། ཀྲང་ཀའོ་ལིས་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགས་འདུའི་སྟེང་། ཀྲུང་གོ་གོ་མེན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཨིག་ཞང་དང་། དམངས་གཙོ་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲང་པའོ་ཝུན། དམངས་གཙོ་རྒྱལ་འཛུགས་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲིན་ཁྲང་ཀྲི། དམངས་གཙོ་སྐུལ་འདེད་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཡན་ཅོན་ཆི། ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲིན་ཀྲུའུ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཀང་། ཅིག་སན་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧན་ཆི་ཏི་སོགས་ཀྱིས་སྔ་གཞུག་ཏུ་གཏམ་བཤད། ཁོ་ཚོ་ཀྲུང་གུང་ཀྲུང་དབྱང་གི་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་གནད་དོན་གལ་ཆེན་རབ་དང་རིམ་པའི་ཆོད་དོན་ལ་ཡོངས་སུ་འཐད་པ་བྱུང་བར་མ་ཟད། སྲིད་འཛིན་སྒྲིག་སྲོལ་དང་ནོར་ཁྲལ་སྒྲིག་སྲོལ། ས་ཞིང་ལམ་ལུགས། སྤྱི་ཚོགས་འགན་སྲུང་། སློབ་གསོའི་སྒྲིག་སྲོལ། སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ། ཁྲིམས་འཛིན་སྒྲིག་སྲོལ་བཅས་ཁྱབ་ཁོངས་གཙོ་བོའི་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། གསར་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་གོ་གུང་ཁྲན་ཏང་གི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་གྱི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་ཇེ་ལེགས་སུ་གཏོང་བ་བཅས་ཐད་ལ་བསམ་འཆར་དང་གྲོས་གཞི་བཏོན།

ཚང་མས་གཏམ་བཤད་པར་ཞིབ་ཏུ་ཉན་རྗེས། ཞི་ཅིན་ཕེན་གྱིས་གསུངས་བཤད་གལ་ཆེན་གནང་། ཁོང་གིས་ཚང་མས་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་བྱེད་བདེ་བའི་བསམ་འཆར་བཟང་བོ་དང་གྲོས་གཞི་བཟང་བོ་མང་པོ་བཏོན་པས། ཡིག་ཆ་བཟང་བོར་འབྲི་བར་རོགས་རམ་བྱེད་ཐུབ་ལ། ང་ཚོས་དེར་ཞིབ་འཇུག་ནན་མོ་བྱེད་རྒྱུ་ཡིན་ཞེས་གསུངས།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། བཅོས་བསྒྱུར་སྒོ་འབྱེད་ནི་དེང་རབས་ཀྲུང་གོའི་ཆེས་མངོན་པར་གསལ་བའི་ཁྱད་ཆོས་ཡིན་ལ། ང་ཚོའི་ཏང་གི་ཆེས་མངོན་པར་གསལ་བའི་དར་ཆའང་ཡིན། མི་དམངས་ཀྱི་རེ་སྒུག་གསར་བའི་མདུན་དུ། ང་ཚོས་ངེས་པར་དུ་བཅོས་བསྒྱུར་གྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། སྔར་ལས་ཆེ་བའི་ཆབ་སྲིད་ཀྱི་སྤོབས་པ་དང་བློ་གྲོས་བཅངས་པ། སྔར་ལས་ནུས་ཤུགས་ལྡན་པའི་བྱེད་ཐབས་སྤྱད་དེ་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་དགོས་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་གསུངས་རྒྱུར། བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་ནི་རྙོག་འཛིང་ཆེ་ཞིང་བརྒྱུད་རིམ་མང་བའི་བཟོ་སྐྲུན་ཞིག་ཡིན་པས། མཐོ་རིམ་ནས་ཇུས་འགོད་བྱེད་པ་དང་ཕྱོགས་ཡོངས་ནས་སྤེལ་བར་ཤུགས་སྣོན་དགོས་ལ། བཅོས་བསྒྱུར་སྣ་ཚོགས་ཀྱི་འབྲེལ་འདྲིས་རང་བཞིན་དང་མ་ལག་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ལ་ཞིབ་འཇུག་བྱེད་པར་ཤུགས་སྣོན་དགོས་པས། ང་ཚོས་གཏན་ལ་ཕབ་པའི་བཅོས་བསྒྱུར་བྱེད་ཐབས་གལ་ཆེན་གྱི་རྨང་གཞིའི་སྟེང་ཁྱབ་ཁོངས་སོ་སོའི་བཅོས་བསྒྱུར་གྱི་འབྲེལ་འདྲིས་རང་བཞིན་ལ་ཞིབ་འཇུག་ཟབ་མོ་བྱེད་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག