མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧྥེ་ལེ་པེན་ལ་དྲག་རླུང་གི་གནོད་འཚེ་ཚབས་ཆེན་ཐེབས་པའི་ཐད་ནས་ཧྥེ་ལེ་པེན་མི་དམངས་ལ་འཚམས་འདྲི་ཞུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-14 10:25

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས13ཉིན་ཧྥེ་ལེ་པེན་གྱི་ཙུང་ཐུང་ཨ་ཅི་ནོ་སྐུ་ཕྲེང་གསུམ་པར་གློག་འཕྲིན་བཏང་སྟེ། ཧྥེ་ལེ་པེན་ལ་དྲག་རླུང་གི་གནོད་འཚེ་ཚབས་ཆེན་ཐེབས་ཏེ། མི་སྣ་མང་པོར་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་ཐེབས་པའི་ཐད་ནས་ཀྲུང་གོའི་མི་དམངས་ཀྱི་ཚབ་མཛད་དེ་ཧྥེ་ལེ་པེན་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་དང་། ཚེ་འདས་རྣམས་ལ་སེམས་གཏིང་ནས་མྱ་ངན་ཞུས་པར་མ་ཟད། ཧྥེ་ལེ་པེན་མི་དམངས་སྔ་མོ་ནས་གནོད་འཚེ་ལས་རྣམ་པར་རྒྱལ་བ་དང་ཁྱིམ་གཞིས་བསྐྱར་འཛུགས་བྱེད་ཐུབ་པའི་སྨོན་འདུན་ཞུས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག