མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-14 10:25

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་གསུམ་ཉིན་གྲོས་ཚོགས་བསྡུས་ནས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་དོན་དངོས་དང་ཟུང་དུ་སྦྲེལ་ནས། «ཀྲུང་གུང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་གནད་དོན་གལ་ཆེན་རབ་དང་རིམ་པའི་སྐོར་གྱི་ཆོད་དོན»ལག་བསྟར་བྱེད་པར་བཀོད་སྒྲིག་བྱས། གྲོས་ཚོགས་ནས་ནན་གྱིས་བསྟན་དོན། རྒྱ་ཆེའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པས་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྟེང་དུ་གཅིག་གྱུར་བྱས་ནས། རུལ་སུངས་ལ་ཆམ་ཕབ་དྲག་པོ་གཏོང་བའི་མ་ལག་ནང་རྐྱེན་གསར་སྐྲུན་དང་ལམ་ལུགས་འགན་སྲུང་བྱ་བར་ཡར་སྐུལ་བྱེད་དགོས་ཟེར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།

གྲོས་ཚོགས་ནས་བསྟན་དོན། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས་ན་ངེས་པར་དུ་ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་དགོས་པ་དང་། ཡར་རྒྱས་བརྩོན་ལེན་གྱི་འདུ་ཤེས་དང་། གོ་སྐབས་ཀྱི་འདུ་ཤེས། འགན་ཁུར་གྱི་འདུ་ཤེས་ཇེ་བརྟན་དུ་གཏོང་དགོས། ང་ཚོ་འགན་ཁུར་དང་པོ་ནི་ཏང་འཛུགས་སྐྲུན་བཟང་བོ་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བཟང་བོ་བྱེད་དགོས་པ་དང་། འགན་ཁུར་ཕོད་པ་དང་། བྱ་བ་སྒྲུབ་ཕོད་པར་བྱས་ནས། རིམ་པ་སོ་སོའི་ཏང་ཨུའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱེད་པའི་འགན་ཁུར་གཙོ་བོ་དང་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་ལྟ་ཞིབ་བྱེད་པའི་བྱ་བ་ཇེ་དྲག་ཏུ་གཏོང་དགོས། ཆབ་སྲིད་ཀྱི་སྒྲིག་ལམ་དང་། རྩ་འཛུགས་ཀྱི་སྒྲིག་ལམ། ནོར་སྲིད་ཀྱི་སྒྲིག་ལམ། བྱ་བའི་སྒྲིག་ལམ་དང་འཚོ་བའི་སྒྲིག་ལམ་སོགས་བརྩི་སྲུང་ནན་མོ་བྱས་ནས། ཏང་ཡོན་ལས་བྱེད་པའི་རྩ་འཛུགས་འདུ་ཤེས་དང་སྒྲིག་ལམ་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག