མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཆིན་ཀང་གིས་འཇར་པན་ཕྱོགས་ཀྱིས་ཀྲུང་གོ་འགྲན་ཡ་རུ་བརྩི་བ་ནི་ནོར་འཁྲུལ་གྱི་གདམ་གསེས་ཤིག་ཡིན་པ་དང་མཇུག་འབྲས་ཡག་པོ་ཞིག་མེད་ཅེས་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-12 10:55

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཆིན་ཀང་གིས་ཚེས11ཉིན་པེ་ཅིན་ནས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་འཇར་པན་གྱི་མགོ་ཁྲིད་པས་ཀྲུང་གོས་རྒྱལ་ཁབ་གཞན་ལ་འཇིགས་སྣང་སྐུལ་བའི་བཤད་ཚུལ་འུར་སྒྲོག་བྱས་པར་ཡིད་མི་དགའ་བའི་ཚུལ་བསྟན་པ་དང་། གལ་ཏེ་འཇར་པན་ཕྱོགས་ཀྱིས་ཀྲུང་གོ་འགྲན་ཡ་ཞིག་ཏུ་བརྩི་བ་ནི་ནོར་འཁྲུལ་གྱི་གདམ་གསེས་ཤིག་ཡིན་པ་དང་མཇུག་འབྲས་ཡག་པོ་ཞིག་མེད་ཟེར།

ཆིན་ཀང་གིས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་འཇར་པན་གྱི་མགོ་ཁྲིད་པས་ཀྲུང་གོས་རྒྱལ་ཁབ་གཞན་ལ་འཇིགས་སྣང་སྐུལ་བའི་བཤད་ཚུལ་འུར་སྒྲོག་བྱས་པར་ཡིད་མི་དགའ་བའི་ཚུལ་བསྟན། ཀྲུང་གོས་ཞི་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་འགོག་སྲུང་རང་བཞིན་གྱི་རྒྱལ་སྲུང་སྲིད་ཇུས་ལག་བསྟར་བྱེད་པ་ཡིན། ཀྲུང་གོས་ཚད་ལྡན་དང་ལུགས་མཐུན་གྱི་འགོག་སྲུང་སྟོབས་ཤུགས་སྲུང་འཛིན་བྱེད་པ་ནི་རྒྱལ་སྤྱི་དང་ས་གནས་ཀྱི་བདེ་འཇགས་ཁོར་ཡུག་རྙོག་འཛིང་ཡིན་པའི་རྒྱབ་ལྗོངས་འོག་ཏུ་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། མངའ་ཁོངས་ཆ་ཚང་བ་བཅས་ལ་སྲུང་སྐྱོབ་བྱེད་པའི་ཆེད་ཡིན། འཇར་པན་ཕྱོགས་ཀྱིས་ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་དངོས་ཡོད་ལ་མཐོང་ཆེན་དང་མ་འོངས་བར་བསམ་གཞིགས་བཏང་ནས། ཞི་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དགོས་པ་དང་། ཁྱིམ་མཚེས་རྒྱལ་ཁབ་བར་གྱི་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་འགྲོ་བར་ཕན་ཞིང་ས་གནས་ཞི་བདེ་དང་བརྟན་འཇགས་ཡོང་བར་ཕན་པའི་བྱ་བ་བསྒྲུབ་ན་བཟང་བ་ལས་ཀྲུང་གོ་འགྲན་ཡ་རུ་བརྩིས་ན་མཇུག་འབྲས་བཟང་བོ་ཞིག་ཐོབ་མི་སྲིད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག