མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

མཉམ་འབྲེལ་དྲ་རྒྱའི་སྟེང་ཁྲིམས་ལུགས་དང་ཁྲིམས་སྲོལ་སྒྲོག་སྦྱོང་ཁྱབ་གདལ་དུ་གཏོང་བའི་བྱ་འགུལ་སྤེལ་མགོ་བརྩམས་པ།

རྩོམ་པ་པོ། ལོ་ཙཱ་བ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-10 20:22

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཟླ11པའི་ཚེས8ཉིན། རྒྱལ་ཁབ་མཉམ་འབྲེལ་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་དང་། སློབ་གསོ་པུའུ། གུང་གཞོན་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཛུབ་སྟོན་བྱས་པ་དང་། གུང་གཞོན་ཚོགས་པ་ཀྲུང་དབྱང་དྲ་རྒྱའི་གློག་བརྙན་བརྙན་འཕྲིན་ཁང་དང་། མ་འོང་དྲ་རྒྱ་གཉིས་ཀྱིས་སྒྲུབ་འགན་འཁུར་བའི་མཉམ་འབྲེལ་དྲ་རྒྱའི་ཁྲིམས་ལུགས་དང་ཁྲིམས་སྲོལ་སྒྲོག་སྦྱོང་ཁྱབ་གདལ་དུ་གཏོང་བའི་བྱ་འགུལ་སྤེལ་མགོ་བརྩམས།

མཉམ་འབྲེལ་དྲ་རྒྱའི་སྟེང་ཁྲིམས་ལུགས་དང་ཁྲིམས་སྲོལ་སྒྲོག་སྦྱོང་ཁྱབ་གདལ་དུ་གཏོང་བའི་བྱ་འགུལ་ནི་ལྷད་མེད་དྲ་རྒྱ་ཞེས་པའི་དྲ་རྒྱའི་སྟེང་ནས་ན་གཞོན་ལོ་ཆུང་རྣམས་ལ་སེམས་ཁུར་བྱེད་པའི་བྱ་འགུལ་རབ་དང་རིམ་པའི་ནང་གི་གཅིག་རེད། དེའི་དམིགས་ཡུལ་གཙོ་བོ་ནི་ན་གཞོན་ལོ་ཆུང་རྣམས་ལ་ཁ་ཕྱོགས་ཏེ། དྲ་རྒྱའི་སྟེང་ནས་ཁྲིམས་ལུགས་དང་ཁྲིམས་སྲོལ་ཀྱི་ཤེས་བྱ་དང་། བདེ་འཇགས་དང་བདེ་བླག་གི་སྒོ་ནས་དྲ་རྒྱ་བཀོལ་སྤྱོད་བྱེད་པའི་ཤེས་བྱ་དྲིལ་སྒྲོག་དང་ཁྱབ་གདལ་དུ་གཏོང་བ་དང་། ན་གཞོན་ལོ་ཆུང་རྣམས་ཀྱི་ཁྲིམས་ལུགས་འདུ་ཤེས་ཇེ་ཆེར་གཏོང་བར་ཁྲིད་སྟོན་བྱེད་པ། ཁྲིམས་ལུགས་ཀྱི་ལྟ་བ་བཅངས་པ། དྲ་རྒྱ་བཀོལ་སྤྱོད་བཟང་བོ་བྱེད་པའི་གོམས་གཤིས་ཤིག་ཆགས་པར་བྱེད་རྒྱུ་དེ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག