མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

འཛམ་གླིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཀྲུང་གོའི་མ་འོངས་པའི་གོང་འཕེལ་འཆར་གཞི་འདིང་རྒྱུ་ཡིན་པར་དོ་ཁུར་བྱེད་ཀྱི་ཡོད་པ།

རྩོམ་པ་པོ། ཡིག་སྒྱུར། སྐྱིད་པོ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན་དྲ་བ།  2013-11-09 16:16

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། འཛམ་གླིང་ཀུན་ནས་དོ་ཁུར་ཆེན་པོ་བྱེད་པའི་ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་འགོ་མ་ཚུགས་གོང་དུ་ཕྱི་རྒྱལ་གྱི་མི་སྣ་ཚོས་ཡོང་ཁྱབ་དུ་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ནི་ཀྲུང་གོས་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་གཏོང་བའི་འགག་རྩའི་དུས་སྐབས་སུ་སྐོང་འཚོགས་བྱས་པའི་གལ་ཆེའི་ལོ་རྒྱུས་དོན་སྙིང་ལྡན་པའི་གྲོས་ཚོགས་ཤིག་ཡིན་པས་ཀྲུང་གོའི་མ་འོངས་པའི་གོང་འཕེལ་ལ་འཆར་གཞི་གསར་པ་འདིང་རྒྱུ་ཡིན་པའི་ངོས་འཛིན་བྱས་འདུག

    ཨ་རིའི་ནོར་སྲིད་པུའུ་ཀྲང་ཟུར་པ་ཧང་ལི་སྦོར་སེན་གྱིས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་འདོན་རྒྱུའི་བཀོད་ཇུས་གསར་པས་ཀྲུང་གོར་དགེ་མཚན་ལྡན་པ་དང་ཡུན་རིང་གི་གོང་འཕེལ་ཁ་ཕྱོགས་གསལ་སྟོན་བྱེད་རྒྱུ་རེད་ཅེས་དང་། ཁོང་གིས་ཀྲུང་གོའི་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་བྱེད་རྒྱུ་དེ་ཁྲོམ་རའི་རང་འགུལ་སྟོབས་ཤུགས་དང་ཁེ་ལས་འབྲིང་ཆུང་རྒྱ་ཆེར་གཏོང་རྒྱུའི་གོ་སྐབས་མ་རྩ་བགོ་འགྲེམས་བྱེད་པའི་ལས་ཆོད་མཐོ་རུ་གཏོང་རྒྱུ། འཛད་སྤྱོད་དང་མ་འཇོག་བར་དོ་སྙོམས་ཡོང་བ་བྱེད་རྒྱུ་སོགས་ཚུད་ཡོད་པའི་སྔོན་དཔག་བྱས་འདུག

    ཨུ་རུ་སུའི་མཐོ་རིམ་དཔལ་འབྱོར་སློབ་གླིང་ཤར་ཕྱོགས་རིག་པ་ཞིབ་འཇུག་ཁང་གི་ཀྲུའུ་རིན་མ་སི་ལོ་ཧྥུས། ཀྲུང་གོའི་ཕུག་འདུན་བསམ་ཚོད་ཀྱིས་སྤྱི་ཚོགས་ནས་སྲིད་གཞུང་ལ་བཅོལ་པའི་རེ་བར་ལན་ཆ་བྱས་ཡོད། ཀྲུང་གོས་སྒྱུར་བཅོས་གཏིང་ཟབ་དུ་བཏང་ནས་སྤྱི་ཚོགས་འདྲ་མཉམ་ཡོང་བྱེད་པ་དང་ཡོང་འབབ་བཏང་སྙོམས་མེད་པ་ལས་བཟོས་པའི་སྤྱི་ཚོགས་ཀྱི་གནོན་ཤུགས་སེལ་རྒྱུ་རེད་ཅེས་གསུངས་འདུག

    ཧྥ་རན་སི་དང་འཇར་མན། ལྗར་པན། ཝེ་ཐེ་ནམ། ཐུར་ཁེ་སོགས་རྒྱལ་ཁབ་ཀྱི་རིགས་གཅིག་མཁས་པ་དང་རིག་གནས་པས་དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་དུ་གཏོང་རྒྱུ་དེ་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་གལ་ཆེའི་གྲོས་གཞི་དང་ཕྱི་རྒྱལ་ནས་དོ་ཁུར་བྱེད་པའི་གཙོ་གནད་ལ་གྱུར་རྒྱུ་ཡིན་པ་དང་ཀྲུང་གོའི་དཔལ་འབྱོར་གོང་འཕེལ་འགྲོ་རྒྱུ་དེས་འཛམ་གླིང་ལ་གལ་ཆེའི་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པའི་ངོས་འཛིན་བྱས་འདུག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག