མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཕྱོགས་ལྔའི་ཐད་ནས་ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཐོན་ལས་གོང་འཕེལ་གཏོང་རྒྱུ་ཡིན་པ།

རྩོམ་པ་པོ། ཡིག་སྒྱུར། དབང་འདུས།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན་དྲ་བ།  2013-11-09 16:16

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བཟོ་ལས་དང་ཆ་འཕྲིན་ཅན་པུའི་པུའུ་ཀྲང་གཞོན་པ་སུའུ་པོས་པེ་ཅིང་དུ་སྐོང་འཚོགས་བྱས་པའི་སྐབས་གསུམ་པའི་སྦགས་བཙོག་མེད་པའི་བཟོ་ལས་ཚོགས་ཆེན་ཐོག ནུས་པའི་འབྱུང་ཁུངས་གསར་པའི་རླངས་འཁོར་ཐོན་ལས་ཅན་ལ་འགྱུར་རྒྱུ་སོགས་ཕྱོགས་ལྔའི་ཐད་ནས་དམ་འཛིན་བྱས་ཏེ། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཐོན་ལས་གོང་འཕེལ་མགྱོགས་སུ་གཏོང་བ་དང་། སྦགས་བཙོག་མེད་པའི་བཟོ་ལས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན་ཡོད་པ་དང་།

    སུའུ་པོས་ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཐོན་ལས་གོང་འཕེལ་གཏོང་ཆེད། ནུས་པའི་འབྱུང་ཁུངས་གསར་པའི་རླངས་འཁོར་ལག་རྩལ་དཔེ་སྟོན་དང་ཐོན་ལས་ཅན་འགྱུར་རྒྱུ་མགྱོགས་སུ་གཏོང་དགོས་ཞེས་བསྟན་ཡོད་པ་དང་། ཁོང་གིས། རྒྱལ་ཁབ་ཀྱིས་ནུས་པའི་འབྱུང་ཁུངས་གསར་པའི་རླངས་འཁོར་ཐོན་ལས་ལག་རྩལ་གསར་གཏོད་ལས་གཞིའི་རྣམ་གྲངས་༢༥ལག་བསྟར་བྱེད་འགོ་ཚུགས་ཡོད་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་༤༠བཀོད་སྒྲིག་བྱས་ཡོད་པས། གློག་འགུལ་རླངས་འཁོར་དང་། འགུལ་ཤུགས་གློག་རྫས་སོགས་རྣམ་གྲངས་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག