མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་གསར་དུ་གདན་ཞུ་བྱས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲི་དང་ཀྲུང་དབྱང་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་ལས་བྱེད་མི་སྣར་གདན་ཞུའི་ཡི་གེ་གནང་བ།

རྩོམ་པ་པོ། ལོ་ཙཱ་བ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-09 16:16

      ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས8ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་གསར་དུ་གདན་ཞུ་བྱས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲི་དང་ཀྲུང་དབྱང་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་ལས་བྱེད་མི་སྣར་གདན་ཞུའི་ཡི་གེ་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིནལྟར།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས8ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་གསར་དུ་གདན་ཞུ་བྱས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲི་དང་ཀྲུང་དབྱང་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་ལས་བྱེད་མི་སྣར་གདན་ཞུའི་ཡི་གེ་གནང་། ཁོང་གིས་གསུངས་རྒྱུར། ཚན་ཧྲི་དང་ལས་བྱེད་མི་སྣས་རྒྱལ་ཁབ་ཚན་རིག་དམངས་གཙོ་ཐབས་ཇུས་ཁྲོད་དུ་ནུས་པ་གལ་ཆེན་བཏོན་ནས་རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་ཐད་ལ་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

    རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ་དབྱང་ཅིན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གདན་ཞུའི་བརྡ་ཐོ་སྒྲོག་འདོན་བྱས་པ་དང་། ལིས་ཁི་ཆང་གིས་གསར་དུ་གདན་ཞུ་བྱས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲི་དང་ཀྲུང་དབྱང་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་ལས་བྱེད་མི་སྣར་གདན་ཞུའི་ཡི་གེ་གནང་བར་མ་ཟད་ཚང་མར་རྟེན་འབྲེལ་ཞུས། ཁོང་གིས་གསུངས་རྒྱུར། གདན་ཞུའི་ཡི་གེ་དེ་ལས་རང་རང་གི་འགན་འཁྲི་དང་ལས་འགན་མཚོན་ཡོད་པ་དང་། ཚང་མས་ལས་འགན་དང་འགན་འཁྲི་དེ་ཡོངས་འགྲུབ་བྱེད་པར་བདག་ལ་ཡིད་ཆེས་ཡོད་ཟེར།

    གདན་ཞུའི་ཡི་གེ་གནང་རྗེས་ལིས་ཁི་ཆང་གིས་ཚང་མ་དང་མཉམ་དུ་བཞུགས་མོལ་མཛད། ཁོང་གིས་གསུངས་རྒྱུར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚན་ཧྲི་ཁང་དང་རིག་གནས་ལོ་རྒྱུས་ཁང་གི་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ་ནི་ཏང་གི་འཐབ་ཕྱོགས་གཅིག་གྱུར་རིགས་གཞུང་གིས་རྒྱལ་ཁབ་ཀྱི་སྲིད་དབང་འཛུགས་སྐྲུན་ཐད་ལ་བཀོལ་བའི་བྱེད་ཐབས་ཤིག་ཡིན། ལོ་མང་བའི་རིང་ལ་ཚན་ཧྲི་དང་ལས་བྱེད་མི་སྣས་ཞིབ་བཤེར་དང་ཞིབ་འཇུག་བྱ་བ་རྒྱུན་འཁྱོངས་བྱས་ཏེ་སྲིད་ཇུས་ཕྱོགས་ལ་རིན་ཐང་བྲལ་བའི་གྲོས་གཞི་བཏོན་པ་དང་ཕན་ནུས་ལྡན་པའི་བྱ་བ་གང་མང་བསྒྲུབས། ཚང་མས་ཕྱིན་ཆད་ཀྱང་མུ་མཐུད་དུ་བསམ་གཞིགས་གཏོང་བ་དང་ཞིབ་འཇུག་བྱས་ནས་གནས་ཚུལ་ངོ་མ་ཡར་ཞུ་བྱེད་དགོས་པ་དང་། སྲིད་ཇུས་དང་ཐབས་ཇུས་དེ་རྒྱལ་ཁབ་ཀྱི་གནས་ཚུལ་དང་མང་ཚོགས་ཀྱི་འདོད་བློ་དང་མཐུན་པར་བྱེད་དགོས་པར་མ་ཟད་རྒྱལ་ཁབ་ཀྱི་དངོས་ཡོད་དང་ཡུན་རིང་གི་འཕེལ་རྒྱས་དགོས་མཁོ་དང་མཐུན་པར་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག