མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྐབས་ཉེར་གསུམ་པའི་ཀྲུང་གོའི་གསར་འགྱུར་བྱ་དགའ་སྟེར་བའི་སྙན་ཞུའི་ཚོགས་འདུ་པེ་ཅིན་ནས་ཚོགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-08 11:35


སྐབས23པའི་ཀྲུང་གོའི་གསར་འགྱུར་བྱ་དགའ་སྟེར་བའི་སྙན་ཞུའི་ཚོགས་འདུ་ཚེས་བདུན་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་གསར་འགྱུར་བྱ་དགའ་ཐོབ་པའི་འཐུས་མི་ལ་མཇལ་འཕྲད་གནང་།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས23པའི་ཀྲུང་གོའི་གསར་འགྱུར་བྱ་དགའ་སྟེར་བའི་སྙན་ཞུའི་ཚོགས་འདུ་ཚེས་བདུན་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་གསར་འགྱུར་བྱ་དགའ་ཐོབ་པའི་འཐུས་མི་ལ་མཇལ་འཕྲད་གནང་བ་དང་རྟེན་འབྲེལ་ཞུས་པར་མ་ཟད། རྒྱལ་ཡོངས་ཀྱི་གསར་འགྱུར་བྱ་བ་སྒྲུབ་མཁན་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་བྱས། ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། གསར་འགྱུར་བྱ་བ་སྒྲུབ་མཁན་གྱིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་རླབས་ཆེན་ལག་ལེན་དང་འབྲེལ་ཏེ་ཕུལ་བྱུང་གསར་འགྱུར་བྲིས་ནས་བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཆམ་མཐུན་བརྟན་འཇགས་སྲུང་སྐྱོབ་བྱེད་པར་སྟོབས་དང་ལྡན་པའི་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱས། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཀྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་རྒྱུ་དེ་གསར་འགྱུར་བྱ་བ་སྒྲུབ་མཁན་རྣམས་ལ་མཚོན་ན་ཡོན་ཚད་དང་བློ་གྲོས་འདོན་པའི་གོ་སྐབས་ཡིན་པ་དང་སྔར་ལས་ཆེ་བའི་འགན་འཁྲི་ཡོད། གསར་འགྱུར་བྱ་བ་སྒྲུབ་མཁན་རྣམས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཡང་དག་པའི་གླེང་ཕྱོགས་ཁ་ཕྱོགས་གསལ་བོར་ཤེས་པར་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བ་རྒྱུན་འཁྱོངས་དང་གསར་འགྱུར་གྱི་དོན་དངོས་རང་བཞིན་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་ཀྱི་འགན་འཁྲི་དང་ལས་རིགས་ཀུན་སྤྱོད་བརྩི་སྲུང་བྱེད་པ་དང་། སྤྱི་ཚོགས་ཀྱི་ཕན་འབྲས་གོ་གནས་གལ་ཆེན་དུ་བཞག་སྟེ་གསར་འགྱུར་རྫུན་མ་གཏན་འགོག་བྱས་ནས་གསར་འགྱུར་དྲིལ་སྒྲོག་བྱ་བར་སྣང་བརྙན་བཟང་བོ་ཞིག་ཆགས་པར་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཡན་ཏུང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིག་ཆི་པོ་གཉིས་ཀ་མཇལ་འཕྲད་ལ་ཞུགས།

ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཐེན་ཚོན་མེན་གྱིས་ཚོགས་ཐོག་ནས་ཤིས་ཚིག་ཕུལ་བ་དང་། མི་དམངས་ཉིན་རེའི་ཚགས་པར་ཁང་གི་ཧྥན་ཀྲིན་བེ་དང་ཞིན་ཧྭ་གསར་འགྱུར་ཁང་གི་ལིས་ཁི་ཡུང་། ཧེ་ལུང་ཅང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བུན་པོ་མེན། ཧྲང་ཧེ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཀྲུའུ་ཞོ་ཆན་བཅས་བྱ་དགའ་ཐོབ་པའི་འཐུས་མི་བཞི་ཡིས་སྔར་གཞུག་ཏུ་གཏམ་བཤད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག