མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཁུ་པ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ལོ་ཀི་ལི་ཀི་སིར་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-08 11:35


ཟླ11པའི་ཚེས7ཉིན། ཞི་ཅིན་ཕེན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁུ་པ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ལོ་ཀི་ལི་ཀི་སིར་མཇལ་འཕྲད་གནང་བ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས7ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁུ་པ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ལོ་ཀི་ལི་ཀི་སིར་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཁུ་པ་གཉིས་ནི་གྲོགས་པོ་བཟང་བོ་དང་བློ་མཐུན་བཟང་བོ། སྤུན་ཟླ་བཟང་བོ་བཅས་ཡིན། ད་ལྟ་རྒྱལ་སྤྱིའི་གནས་བབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་ཟབ་མོ་བྱུང་ཡོད། ཀྲུང་གོ་དང་ཁུ་པ་གཉིས་འཕེལ་རྒྱས་ཀྱི་དུས་སྐབས་གནད་འགག་ལ་བསླེབས་ཡོད་པས། ལག་རྡང་སྦྲེལ་ནས་མཉམ་དུ་འཕེལ་རྒྱས་གཉེར་དགོས། ཀྲུང་གོ་ཕྱོགས་ཀྱིས་སྔར་ལྟར་ཀྲུང་གོ་དང་ཁུ་པ་གཉིས་ཀྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཕྱོགས་གཉིས་ཀྱིས་མཐོ་རིམ་བར་གྱི་འགྲོ་འོང་ཇེ་དམ་དུ་གཏོང་བ་དང་། ཕན་ཚུན་བར་གྱི་རྒྱལ་སྐྱོང་སྲིད་སྐྱོང་གི་ཉམས་མྱོང་ལ་སློབ་སྦྱོང་བྱས་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁུ་པ་ཏང་དང་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལས་དོན་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པར་སྨོན་འདུན་བྱེད་ཀྱི་ཡོད་ཟེར།

ལོ་ཀི་ལི་ཀི་སི་ཡིས་ཐོག་མར་ཞི་ཅིན་ཕེན་ལ་ཀྲུའུ་ཞི་ལོ་ཨར་དང་བློ་མཐུན་ཧྥེ་ཏི་ཨར་ཁ་སི་ཐི་ལོ་གཉིས་ཀྱིས་སྙིང་ཉེ་བའི་འཚམས་འདྲི་ཞུས་པ་བརྒྱུད་སྒྲོག་བྱས། ཁོས་བཤད་རྒྱུར། ཁུ་པ་མི་དམངས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་རྒྱུད་འཛིན་དང་འཕེལ་རྒྱས་སུ་གཏོང་འདོད་ཡོད་ལ།  ཀྲུང་གོ་བར་གྱི་འགྲོ་འོང་ལ་ཇེ་དམ་དུ་གཏོང་བ་དང་། དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པར་རེ་བ་བྱེད་ཀྱིན་ཡོད། ཁུ་པ་ཕྱོགས་ཀྱིས་མི་འགྱང་བར་བསྡུ་རྒྱུ་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཐེངས་གསུམ་པར་ལེགས་གྲུབ་འབྱུང་བར་སྨོན་འདུན་ཞུས་པ་དང་། ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་ཀྱི་ཕན་འབྲས་ལྡན་པའི་ཉམས་མྱོང་དཔྱད་གཞིར་འཛིན་འདོད་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག