མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་གྲོས་མོལ་ཚོགས་འདུ་ཐེངས་གཉིས་བ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-08 11:35


རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས7ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་གྲོས་མོལ་ཚོགས་འདུ་ཐེངས་གཉིས་བ་བསྡུས་ཏེ། བཟོ་སྐྲུན་ཐོན་ལས་ཅན་དུ་བསྒྱུར་བར་དམིགས་ནས་གྲོས་མོལ་བྱས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་མགོ་འཛིན་མཛད།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས7ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་གྲོས་མོལ་ཚོགས་འདུ་ཐེངས་གཉིས་བ་བསྡུས་ཏེ། བཟོ་སྐྲུན་ཐོན་ལས་ཅན་དུ་བསྒྱུར་བར་དམིགས་ནས་གྲོས་མོལ་བྱས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་མགོ་འཛིན་མཛད།

ཚོགས་ཐོག་ནས་ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། བཟོ་སྐྲུན་ལས་རིགས་ནི་རྒྱལ་དམངས་དཔལ་འབྱོར་གྱི་དངོས་བོའི་ཐོན་སྐྱེད་ལས་ཁུངས་གཙོ་བོ་ཡིན་པ་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་པར་འབྲེལ་བ་དམ་པོ་ཡོད། ཚང་མས་གྲོས་མོལ་བྱས་པ་བརྒྱུད་ནས་བཟོ་སྐྲུན་ཐོན་ལས་ཅན་ཏུ་བསྒྱུར་རྒྱུ་དེས་ནུས་ཁུངས་གྲོན་ཆུང་དང་ཆུ་གྲོན་ཆུང་། བཙོག་བཟོའི་ཚད་ཇེ་ཆུང་དུ་གཏོང་བ། ཕན་འབྲས་ཇེ་མཐོར་གཏོང་བ་སོགས་ཕྱོགས་སུ་གོ་གནས་གལ་ཆེན་ཟིན་ཡོད་པའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་བྱུང་། དཔལ་འབྱོར་འཕར་སྟངས་མྱུར་དུ་བསྒྱུར་བ་དང་ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྱུར་བྱེད་པའི་རེ་བ་ལྟར། བཟོ་སྐྲུན་ཐོན་ལས་ཅན་ཏུ་བསྒྱུར་བའི་འབྲེལ་ཡོད་སྲིད་ཇུས་དང་སྒྲིག་སྲོལ་གཏན་འཁེལ་དང་འཐུས་ཚང་དུ་བཏང་ནས་དངོས་འབེབས་བྱ་བ་དམ་འཛིན་བྱེད་དགོས་ཟེར།

ཚོགས་ཐོག་ནས་ལའེ་མེན་དང་ཁྲིན་ཁྲང་ཧྲིན། སུང་ཐེ་ལིས་སོགས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་ཆེད་མཁས་བ་རྣམས་ཀྱིས་རང་རང་ལ་ཆ་རྒྱུས་ཡོད་པའི་མངའ་ཁོངས་དང་འབྲེལ་ཏེ། བཟོ་སྐྲུན་ཐོན་ལས་ཅན་དུ་སྒྱུར་སྐབས་སྲིད་ཇུས་དང་ཁྲིམས་སྲོལ། ཚད་གཞི། ལག་རྩལ་མ་ལག ནོར་སྲིད་དཔྱ་ཁྲལ། འབྲེལ་ཡོད་སྒྲིག་སྦྱོར་སྲིད་ཇུས་བཅས་ཕྱོགས་སུ་གནས་པའི་གནད་དོན་ལ་དམིགས་ནས་བསམ་འཆར་དང་གྲོས་གཞི་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག