མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཨ་མེ་རི་ཁའི་སྔོན་ཆད་ཀྱི་ནོར་སྲིད་དཔོན་པོ་པའོ་ཨར་སིན་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-08 11:34


ཟླ11པའི་ཚེས7ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨ་མེ་རི་ཁའི་སྔོན་ཆད་ཀྱི་ནོར་སྲིད་དཔོན་པོ་པའོ་ཨར་སིན་ལ་མཇལ་འཕྲད་གནང་བ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས7ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨ་མེ་རི་ཁའི་སྔོན་ཆད་ཀྱི་ནོར་སྲིད་དཔོན་པོ་པའོ་ཨར་སིན་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱིས་སྦས་ཤུགས་སྔོག་འདོན་བྱེད་པ་དང་། ཕྱོགས་གཉིས་ཀྱི་དངུལ་གཏོང་གྲོས་ཆོད་གྲོས་མོལ་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་མཉམ་ལས་ཐད་ལ་ལམ་ལུགས་རང་བཞིན་གྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་པར་མ་ཟད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཀྱིས་ཨ་མེ་རི་ཁར་དངུལ་གཏོང་དང་ལས་སྐྲུན་བྱེད་པར་དྲང་བདེན་གྱི་འགྲན་རྩོད་ཁོར་ཡུག་བསྐྲུན་དགོས་པར་རེ་བ་བྱེད་ཀྱིན་ཡོད། ཕྱོགས་གཉིས་ཀྱིས་ཆེ་ཕྱོགས་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་ཡོང་བར་ཤུགས་སྣོན་པ་དང་། སྒོ་འབྱེད་དང་མངོན་གསལ། བཟོད་སྒོམ་བཅས་ཀྱི་སྙིང་སྟོབས་བཅངས་ནས་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས་ཟེར།

པའོ་ཨར་སིན་གྱིས་བཤད་རྒྱུར། ཀྲུང་གོའི་སྐབས་གསར་བའི་སྲིད་གཞུང་གི་བཅོས་བསྒྱུར་བྱེད་ཐབས་སྣ་ཚོགས་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་བར་གྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།   །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག