མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཧེ་ལུང་ཅང་ནས་མགོ་འཛིན་མཛད་དེ་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁ་ཤས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-08 11:34


ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས5ཉིན་ཧེ་ལུང་ཅང་ནས་མགོ་འཛིན་མཛད་དེ་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁ་ཤས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས5ཉིན་ཧེ་ལུང་ཅང་ནས་མགོ་འཛིན་མཛད་དེ་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁ་ཤས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཧེ་ལུང་ཅང་དང་ལའོ་ཉིན། ཅི་ལིན། ཧྥུའུ་ཅན། ཞིན་ཅང་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་འགན་འཁུར་བས་ཚོགས་ཐོག་ཏུ་ས་གནས་རང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་དང་གོ་རིམ་རྗེས་མའི་འཆར་གཞིའི་སྐོར་གླེང་བར་མ་ཟད་སང་ལོའི་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ལ་གྲོས་གཞི་བཏོན།

ཚོགས་ཐོག་ཏུ་ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོའི་གནད་དོན་ཡོད་ཚད་ཐག་གཅོད་པའི་རྨང་གཞི་ནི་འཕེལ་རྒྱས་ཡིན་པ་དང་། འཕེལ་རྒྱས་ནི་གོ་གནས་དང་པོར་འཇོག་དགོས་མོད། འོན་ཀྲང་ངེས་པར་དུ་ཚན་རིག་དང་མཐུན་པར་འཕེལ་རྒྱས་སུ་གཏོང་དགོས། སྤུས་ཚད་དང་ཕན་འབྲས་ལ་ཡིད་འཇོག་ཆེན་པོ་བྱེད་པ་དང་ལས་ཞུགས་རྒྱ་བསྐྱེད་པར་སྐུལ་འདེད་བཏང་ནས་མུ་མཐུད་དུ་དམངས་འཚོའི་འཕེལ་རྒྱས་ལེགས་བཅོས་བྱེད་པ་ནི་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བ་དེ་ཡིན། དཔལ་འབྱོར་འཁོར་རྒྱུགས་དེ་མུ་མཐུད་དུ་འོས་འཚམ་གྱི་མངའ་ཁོངས་སུ་སྲུང་འཛིན་བྱེད་པ་དང་། དཔལ་འབྱོར་འཕེལ་སྟངས་མྱུར་དུ་བསྒྱུར་ཞིང་དཔལ་འབྱོར་གྲུབ་ཚུལ་ལ་སྙོགས་སྒྲིག་བཟང་བོ་བྱས་ནས། བརྟན་འཇགས་ཁྲོད་ནས་བཟང་ཕྱོགས་སུ་འགྲོ་བའི་རྣམ་པ་བཟང་བོ་རྒྱུན་འཁྱོངས་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་དབྱང་གིས་མུ་འགྱངས་བར་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུ་རྒྱུ་ཡིན་པ་དང་། ཚང་འཛོམས་གྲོས་ཚོགས་གྲོལ་རྗེས་སློབ་སྦྱོང་དང་ལག་བསྟར། དངོས་འབེབས་བཅས་ཀྱི་བྱ་བ་བཟང་བོར་བསྒྲུབ་ནས། དཔལ་འབྱོར་རྒྱུན་མཐུད་དང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བ་དང་སྤྱི་ཚོགས་སྔར་ལས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་དགོས་བ་ཡིན་ཟེར།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག