མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་གོ་ལིས་ཀྱིས་ཁི་ལའོ་ཏི་ཡའི་མགྲོན་པོར་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-07 11:07


ཚེས6ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ལིས་ཀྱིས་ཀྲུང་ནན་ཧེ་ཙི་ཀུང་ཀི་ནས་ཁི་ལའོ་ཏི་ཡའི་ཙུང་ལིས་གཞོན་པ་དང་པོ་དང་ཡོ་རོབ་གླིང་ལས་དོན་པུའུ་ཡི་པུའུ་ཀྲང་ཕུའུ་ཞི་ཆི་ལ་མཇལ་འཕྲད་གནང་།

ཚེས6ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ལིས་ཀྱིས་ཀྲུང་ནན་ཧེ་ཙི་ཀུང་ཀི་ནས་ཁི་ལའོ་ཏི་ཡའི་ཙུང་ལིས་གཞོན་པ་དང་པོ་དང་ཡོ་རོབ་གླིང་ལས་དོན་པུའུ་ཡི་པུའུ་ཀྲང་ཕུའུ་ཞི་ཆི་ལ་མཇལ་འཕྲད་གནང་།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ལིས་ཀྱིས་ཚེས6ཉིན་ཀྲུང་ནན་ཧེ་ཙི་ཀུང་ཀི་ནས་ཁི་ལའོ་ཏི་ཡའི་ཙུང་ལིས་གཞོན་པ་དང་པོ་དང་ཡོ་རོབ་གླིང་ལས་དོན་པུའུ་ཡི་པུའུ་ཀྲང་ཕུའུ་ཞི་ཆི་ལ་མཇལ་འཕྲད་གནང་།

ཀྲང་གོ་ལིས་ཀྱིས་བཤད་རྒྱུར། ཀྲུང་གོ་དང་ཁི་ལའོ་ཏི་ཡ་གཉིས་བར་གྱི་སྲོལ་རྒྱུན་མཛའ་བརྩེ་ཧ་ཅང་གཏིང་ཟབ་ལ། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་གཉིས་བར་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་། ཁི་ལའོ་ཏི་ཡ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་ཆུ་ཚད་མཐོར་འདེགས་སུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་ཞུ་ལེགས་པོ་སྒྲུབ་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་ཁེ་ལས་ཁི་ལའོ་ཏི་ཡའི་གྲུ་ཁ་དང་གཞུང་ལམ་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་ཁོད་ཞུགས་པར་རྒྱབ་སྐྱོར་དང་སྣེ་ཁྲིད་བྱས་ནས། ཕྱོགས་གཉིས་བར་གྱི་ཉོ་ཚོང་དངུལ་གཏོང་གི་གཞི་ཁྱོན་རྒྱ་སྐྱེད་པ་དང་གནས་སྐོར་ཕྱོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར།

ཀྲང་གོ་ལིས་ཀྱིས་བསྟན་དོན། ཁི་ལའོ་ཏི་ཡ་ཡོ་རོབ་གླིང་མནའ་འབྲེལ་ཁྲོད་ཞུགས་རྗེས་སྔར་ལས་བཟང་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་ཐུབ་པར་ཡིད་ཆེས་ཡོད། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་ནི་འཛམ་གླིང་སྟེང་ཆེས་གལ་ཆེ་བའི་ཕྱོགས་གཉིས་ཀྱི་འབྲེལ་བའི་ཁྲོད་ཀྱི་གཅིག་ཡིན་ལ། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་ནི་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁི་ལའོ་ཏི་ཡ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་གླིང་གི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དང་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་གཏིང་ཟབ་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཕུའུ་ཞི་ཆི་ཡིས་བསྟན་དོན། ཁི་ལའོ་ཏི་ཡ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་དང་མི་གཞུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་པར་མ་ཟད། ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་དང་ཀྲུང་གོའི་བར་གྱི་མཉམ་ལས་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག