མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཧེ་ལུང་ཅང་ཞིང་ཆེན་གྱི་ཐུང་ཅང་དང་ཧྥུའུ་ཡོན། ཧ་ཨར་པེན་སོགས་ས་ཁུལ་གྱི་བྱ་བར་རྟོག་ཞིབ་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-07 10:58


པར་འདི་ནི་ལིས་ཁི་ཆང་གནོད་འཚེ་ཚབས་ཆེན་ཐེབས་པའི་ཐུང་ཅང་གྲོང་ཁྱེར་པ་ཁྲའི་ཧི་ཀྲི་རིགས་སྡེ་བར་ཕེབས་ནས་སྡེ་དམངས་ཀྱི་ཁང་བ་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་མཛད་པའི་ཚུལ་རེད།

པར་འདི་ནི་ལིས་ཁི་ཆང་གནོད་འཚེ་ཚབས་ཆེན་ཐེབས་པའི་ཐུང་ཅང་གྲོང་ཁྱེར་པ་ཁྲའི་ཧི་ཀྲི་རིགས་སྡེ་བར་ཕེབས་ནས་སྡེ་དམངས་ཀྱི་ཁང་བ་དང་འཚོ་བའི་གནས་ཚུལ་ལ་གཟིགས་ཞིབ་གནང་བའི་ཚུལ་རེད།

པར་འདི་ནི་ལིས་ཁི་ཆང་གིས་རྟོག་ཞིབ་མཛད་རྗེས་ཕྱིར་རང་གི་འདུག་སར་ཡོང་སྟེ་བྱ་བའི་ཚོགས་འདུ་བསྡུས་ནས། གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་དང་ཆུ་བེད་བཟོ་སྐྲུན་སླར་གསོ། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ལ་བཀོད་སྒྲིག་བྱེད་པའི་ཚུལ་རེད།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས4ཉིན་ནས་ཚེས6ཉིན་བར་ཧེ་ལུང་ཅང་ཞིང་ཆེན་གྱི་ཐུང་ཅང་དང་ཧྥུའུ་ཡོན། ཧ་ཨར་པེན་སོགས་ས་ཁུལ་གྱི་བྱ་བར་རྟོག་ཞིབ་མཛད།

ད་ལོའི་དབྱར་ཁར་ཧེ་ལུང་ཅང་ཞིང་ཆེན་གྱི་ས་ཁུལ་སྐོར་ཞིག་ལ་ཆར་བ་དྲག་པོ་བབས་ཏེ་མང་ཚོགས་ཁྲི་དགུ་ལྷག་གི་ཁང་བ་བརྡིབས་པ་དང་རྒྱུ་ནོར་ལ་གྱོང་གུད་ཚབས་ཆེན་བཟོས། ལིས་ཁི་ཆང་ཆེད་དུ་གནོད་འཚེ་ཚབས་ཆེན་ཐེབས་པའི་ཐུང་ཅང་གྲོང་ཁྱེར་པ་ཁྲའི་ཧི་ཀྲི་རིགས་སྡེ་བར་ཕེབས་ནས་སྡེ་དམངས་ཀྱི་ཁང་བ་དང་འཚོ་བའི་གནས་ཚུལ་ལ་གཟིགས་ཞིབ་གནང་། ཁོང་གིས་གསུངས་རྒྱུར། ཁྱེད་ཚོ་ས་ཆར་ཆུ་ལིག་གི་གནོད་འཚེའི་ཐེབས་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧ་ཅང་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་སོགས་ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་གྱིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ཞིང་ཧེ་ལུང་ཅང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཚང་མར་མགོ་ཁྲིད་དེ་ཉེན་སེལ་རྒུད་སྐྱོབ་བྱས་པ་དང་དཀའ་སྤྱད་འབད་བརྩོན་བྱས་ནས་ཉེན་སེལ་རྒུད་སྐྱོབ་ཐད་ནས་རྒྱལ་ཁ་ཆེན་པོ་བླངས་ཟེར། ཁོང་གིས་ས་གནས་ཀྱི་ལས་བྱེད་པ་རྣམས་ལ་ས་འདིའི་ནམ་ཟླ་ཧ་ཅང་འཁྱགས་པས་མང་ཚོགས་ཀྱི་ཁང་བ་བདེ་འཇགས་ཡིན་མིན་དང་དྲོད་ཚད་འདང་མིན་སོགས་ལ་ཞིབ་བཤེར་ནན་མོ་བྱས་ཏེ། རྒྱ་ཆེའི་མང་ཚོགས་རྣམས་ད་ལོའི་དགུན་ཁར་ཁང་བ་དྲོན་པོ་ཞིག་གི་ནང་དུ་འདུག་ཐུབ་པ་འགན་སྲུང་བྱེད་དགོས་པའི་སྐུལ་མ་བཏང་། ལིས་ཁི་ཆང་གིས་རྟོག་ཞིབ་མཛད་རྗེས་ཕྱིར་རང་གི་འདུག་སར་ཡོང་སྟེ་བྱ་བའི་ཚོགས་འདུ་བསྡུས་ནས། གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་དང་ཆུ་བེད་བཟོ་སྐྲུན་སླར་གསོ། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ལ་བཀོད་སྒྲིག་བྱས།

ཞིང་སྡེའི་བཅོས་སྒྱུར་ནི་དེང་སྐབས་བཅོས་སྒྱུར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཧེ་ལུང་ཅང་གི་སུང་ནོང་ཐང་ཆེན་དང་སན་ཅང་ཐང་ཆེན་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ད་ལོར་ཆོག་མཆན་བཀོད་པའི་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཕྱོགས་བསྡུས་སྒྲིག་ཆས་བཅོས་སྒྱུར་ཚོད་ལྟ་ས་ཁུལ་ཐོག་མ་ཡིན། ལིས་ཁི་ཆང་ཆེད་དུ་གནས་དེར་ཕེབས་ཏེ་བཅོས་སྒྱུར་འཕེལ་རིམ་ལ་རྒྱུས་ལོན་ཞིབ་མོ་མཛད་པར་མ་ཟད་ལས་བྱེད་པ་དང་མང་ཚོགས་རྣམས་དང་མཉམ་དུ་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ནང་རྐྱེན་གྱི་བགེགས་དང་བར་ཆད་སེལ་བར་འཚོལ་ཞིབ་བྱས། ཁོང་གིས་གསུངས་རྒྱུར། ཞིང་སྡེའི་བཅོས་སྒྱུར་དེ་ཡང་བསྐྱར་དུས་སྐབས་གསར་བ་ཞིག་ཏུ་སླེབས་པ་དང་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་ན་མུ་མཐུད་དུ་བཅོས་སྒྱུར་ལ་བརྟེན་དགོས་ཟེར།

ཧེ་ལུང་ཅང་ནི་རང་རྒྱལ་གྱི་ཚོང་རྫས་འབྲུ་རིགས་རྟེན་གཞི་གལ་ཆེན་ཡིན་པས། ལིས་ཁི་ཆང་མ་རྐང་ལམ་ལུགས་ཀྱི་རྣམ་པར་བརྟེན་ནས་འཛུགས་སྐྲུན་དང་བདག་གཉེར་བྱེད་པའི་ཧྥུའུ་ཡོན་གྲོང་ཁྱེར་གྱི་ནོང་ཆོ་འབྲུ་མཛོད་ཁང་ད་ཕེབས་ནས་ད་ལོའི་སྟོན་ཁར་འབྲུ་རིགས་གསོག་འཇོག་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་མཛད། ཁོང་གིས་གསུང་རྒྱུར། སྟོན་ཁར་འབྲུ་རིགས་ཉོ་སྡུད་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་དགོས། ནང་རྐྱེན་གསར་སྐྲུན་བྱས་ཏེ་ཀྲུང་དབྱང་དང་ས་གནས། སྤྱི་ཚོགས་བཅས་ཞུགས་པའི་ཉོ་སྡུད་གསོག་འཇོག་དང་འཁོར་རྒྱུགས་རྣམ་པར་འཚོལ་ཞིབ་བྱས་ཏེ། ཚོང་རར་ཚོད་འཛིན་དང་སྙོམས་སྒྲིག་བྱེད་པ་དང་རིན་གོང་བརྟན་འཇགས་བྱས་ནས་འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་དགོས་ཟེར།   །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག