མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་རྒྱལ་སྲུང་ཚན་རིག་ལག་རྩལ་སློབ་གྲྭ་ཆེན་མོར་གཟིགས་ཞིབ་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-07 10:58


ཟླ11པའི་ཚེས5ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་རྒྱལ་སྲུང་ཚན་རིག་ལག་རྩལ་སློབ་གྲྭ་ཆེན་མོར་གཟིགས་ཞིབ་མཛད། པར་འདི་ནི་ཞི་ཅིན་ཕེན་གྱིས་རྒྱལ་སྲུང་ཚན་རིག་ལག་རྩལ་སློབ་གྲྭ་ཆེན་མོའི་ཚན་རིག་ཞིབ་འཇུག་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་པ་དང་། ཚན་རིག་ཞིབ་འཇུག་མི་སྣ་དང་སྙིང་ཉེ་བའི་ངང་གསུང་གླེང་གནང་བཞིན་པའི་ཚུལ་རེད།

ཟླ11པའི་ཚེས5ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་རྒྱལ་སྲུང་ཚན་རིག་ལག་རྩལ་སློབ་གྲྭ་ཆེན་མོར་གཟིགས་ཞིབ་མཛད། པར་འདི་ནི་ཞི་ཅིན་ཕེན་གྱིས་རྒྱལ་སྲུང་ཚན་རིག་ལག་རྩལ་སློབ་གྲྭ་ཆེན་མོའི་ཚན་རྩལ་གསར་སྐྲུན་རུ་ཁག་གི་འཐུས་མི་དང་སྙིང་ཉེ་བའི་ངང་གསུང་གླེང་གནང་བཞིན་པའི་ཚུལ་རེད།

ཟླ11པའི་ཚེས5ཉིན།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་རྒྱལ་སྲུང་ཚན་རིག་ལག་རྩལ་སློབ་གྲྭ་ཆེན་མོར་གཟིགས་ཞིབ་མཛད། པར་འདི་ནི་ཞི་ཅིན་ཕེན་གྱིས་རྒྱལ་སྲུང་ཚན་རིག་ལག་རྩལ་སློབ་གྲྭ་ཆེན་མོའི་གྲལ་བསྒྲིགས་པའི་ལས་བྱེད་པ་དང་སློབ་མའི་རུ་ཁག་ལ་གཟིགས་ཞིབ་གནང་བཞིན་པའི་ཚུལ་རེད།

ཟླ11པའི་ཚེས5ཉིན།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་རྒྱལ་སྲུང་ཚན་རིག་ལག་རྩལ་སློབ་གྲྭ་ཆེན་མོར་གཟིགས་ཞིབ་མཛད། པར་འདི་ནི་ཞི་ཅིན་ཕེན་གྱིས་རྒྱལ་སྲུང་ཚན་རིག་ལག་རྩལ་སློབ་གྲྭ་ཆེན་མོའི་ཁྲི་ཤོག་རིམ་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ་དང་མཐོ་རིམ་ཆེད་ལས་ཐོབ་ཐང་ལྡན་པའི་ལག་རྩལ་ལས་བྱེད་པར་མཇལ་འཕྲད་གནང་བཞིན་པའི་ཚུལ་རེད།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ལྔ་ཉིན་རྒྱལ་སྲུང་ཚན་རིག་ལག་རྩལ་སློབ་གྲྭ་ཆེན་མོར་གཟིགས་ཞིབ་མཛད་སྐབས་ནན་གྱིས་གསུངས་རྒྱུར། ཏང་གི་གནས་བབ་གསར་བའི་འོག་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་ཆུ་ཚད་དང་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་བ། རང་རེའི་དམག་དཔུང་གི་ཁྱད་ཆོས་ལྡན་པའི་འཛམ་གླིང་གི་སློབ་གྲྭ་ཆེན་མོ་དང་པོ་མྱུར་དུ་འཛུགས་སྐྲུན་བྱས་ཏེ། རྒྱལ་སྲུང་ཚན་རིག་ལག་རྩལ་སློབ་གྲྭ་ཆེན་མོ་དེ་ཆུ་ཚད་མཐོ་ཞིང་རྣམ་པ་གསར་བའི་དམག་དོན་ཐད་ཀྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་ས་དང་། རྒྱལ་སྲུང་ཚན་རིག་ལག་རྩལ་རང་བདག་གསར་སྐྲུན་བྱེད་ས་ཤིག་ཏུ་བསྒྱུར་ནས། ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་དང་ལྡན་པའི་ཤེས་ལྡན་མི་སྣ་དང་ཚན་རྩལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར།

རྒྱལ་སྲུང་ཚན་རིག་ལག་རྩལ་སློབ་གྲྭ་ཆེན་མོ་ནི་ཀྲུང་གོ་གསར་བའི་མཐོ་རིམ་དམག་དོན་བཟོ་སྐྲུན་སློབ་གླིང་ཞིག་རེད། སློབ་གྲྭ་བཙུགས་ནས་ལོ་ངོ་དྲུག་ཅུའི་རིང་ལ། རང་རྒྱལ་ལ་རིམ་པ་མཐོ་བའི་དམག་དོན་ལག་རྩལ་གྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱས་པ་དང་། སྔོན་ཐོན་མཚོན་ཆའི་དམག་ཆས་འཕེལ་རྒྱས་སུ་གཏོང་བར་གསར་སྐྲུན་རང་བཞིན་གྱི་ནུས་པ་བཏོན། ཞི་ཅིན་ཕེན་གྱིས་རྒྱལ་སྲུང་ཚན་རིག་ལག་རྩལ་སློབ་གྲྭ་ཆེན་མོ་འཛུགས་སྐྲུན་བྱེད་པར་ཧ་ཅང་ཐུགས་ཁུར་གནང་བཞིན་ཡོད། ཚེས་ལྔ་ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་སྟེང་། ཞི་ཅིན་ཕེན་སློབ་གྲྭ་དེར་ཕེབས་ཏེ། ཐོག་མར་གྲལ་བསྒྲིགས་པའི་ལས་བྱེད་པ་དང་སློབ་མའི་རུ་ཁག་ལ་གཟིགས་ཞིབ་གནང་། དམག་མིའི་ལུས་རྩལ་དང་རིག་གནས་བྱ་འགུལ་ལྟེ་གནས་ནས་ཞི་ཅིན་ཕེན་གྱིས་སློབ་གྲྭའི་ཁྲི་ཤོག་རིམ་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ་དང་མཐོ་རིམ་ཆེད་ལས་ཐོབ་ཐང་ལྡན་པའི་ལག་རྩལ་ལས་བྱེད་པར་མཇལ་འཕྲད་གནང་བར་མ་ཟད། ཚང་མ་དང་མཉམ་དུ་དྲན་རྟེན་དུ་པར་བླངས།

དེའི་རྗེས་སུ། ཞི་ཅིན་ཕེན་གྱིས་སློབ་གྲྭའི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་པ་དང་། སློབ་གྲྭའི་འགན་ཁུར་བ་དང་ཚན་རིག་ཞིབ་འཇུག་མི་སྣར་ལས་གཞིའི་ཞིབ་འཇུག་དང་གསར་སྤེལ། བཀོལ་སྤྱོད་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད་པར་མ་ཟད། ཁོང་གིས་སློབ་གྲྭས་རང་ཉིད་གཙོ་ཡིན་པ་དང་རང་བདག་གསར་སྐྲུན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པའི་ཐད་ལ་གྲུབ་འབྲས་གཡུར་ཟ་བ་བླངས་བར་གཟེངས་བསྟོད་མཛད།

ཉིན་དེའི་ཕྱི་དྲོར། ཞི་ཅིན་ཕེན་གྱིས་རྒྱལ་སྲུང་ཚན་རིག་ལག་རྩལ་སློབ་གྲྭ་ཆེན་མོའི་བྱ་བའི་ཡར་ཞུར་ཉན་ཏེ། ཉེ་བའི་ལོ་འགའི་རིང་ལ་སློབ་གྲྭ་འཛུགས་སྐྲུན་བྱེད་པའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད། ཁོང་གིས་གསུངས་རྒྱུར། བསམ་བློའི་ཆབ་སྲིད་འཛུགས་སྐྲུན་བྱ་བ་གཙོ་བོར་བཟུང་སྟེ། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་ལ་དམ་པོར་དམིགས་ནས། བསམ་བློའི་ཆབ་སྲིད་འཛུགས་སྐྲུན་བྱེད་རྒྱུ་དེ་དམིགས་འབེན་འདི་མངོན་འགྱུར་བྱེད་པའི་སྟོབས་ཤུགས་གཙོ་བོར་བསྒྱུར་དགོས་པར་མ་ཟད། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་དེ་སློབ་གྲྭ་འཛུགས་སྐྲུན་གྱི་རྒྱུད་རིམ་ཧྲིལ་བོ་དང་ཁྱབ་ཁོངས་སོ་སོར་སྦྲེལ་ཏེ། སྟོབས་ཤུགས་ཡོད་དགུ་བཏོན་ནས་བསམ་བློའི་ཆབ་སྲིད་འཛུགས་སྐྲུན་བྱ་བ་བཟང་བོར་སྒྲུབ་དགོས་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་གསུངས་རྒྱུར། ཆུ་ཚད་མཐོ་ཞིང་རྣམ་པ་གསར་བའི་དམག་དོན་ཐད་ཀྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་ལས་འགན་གཙོ་བོ་དེར་དམིགས་ནས། དེང་རབས་དམག་དོན་སློབ་གསོའི་ཁྱད་ཆོས་དང་ཆོས་ཉིད་ལ་ཞིབ་འཇུག་ཟབ་མོ་བྱས་ཏེ། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལས་འགན་ལྗིད་མོ་ཁུར་ཐུབ་པའི་ཕུལ་བྱུང་དམག་དོན་ཤེས་ལྡན་མི་སྣ་ཧུར་ཐག་སྒོས་སྐྱེད་སྲིང་བྱེད་དགོས་པར་མ་ཟད། སློབ་གསོའི་འདུ་ཤེས་གསར་བསྒྱུར་བྱེད་པ་དང་། སྐྱེད་སྲིང་བྱེད་ཐབས་གསར་སྐྲུན་བྱས་ནས། དགེ་རྒན་དཔུང་སྡེའི་སྤྱིའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་བཏང་སྟེ། རིམ་པ་མཐོ་བའི་དམག་དོན་གྱི་ཤེས་ལྡན་མི་སྣ་འཚར་ལོངས་འབྱུང་བར་ཕན་པའི་བགྲོད་ལམ་གསར་བ་ཞིག་འཚོལ་ཞིབ་བྱེད་དགོས་ཟེར།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག