མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཝང་ཆི་ཧྲན་གྱིས་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-06 10:50


སྤྱི་ཟླ11པའི་ཚེས5ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་པིན་ཐུང་གིས་ཁྲིད་པའི་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་པུན་ཐུང་གིས་ཁྲིད་པའི་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཝང་ཆི་ཧྲན་གྱིས་པུན་ཐུང་ཀྲུང་གོར་འཚམས་འདྲིར་ཡོང་བ་དང་ཀྲུང་གོ་དང་ལའོ་ཝུའོ་ཏང་གཉིས་ཀྱི་རིགས་གཞུང་དཔྱད་གླེང་ཚོགས་འདུར་ཞུགས་པར་དགའ་བསུ་ཞུས། ཁོང་གིས་གསུངས་རྒྱུར། ད་ལོའི་ཟླ་དགུ་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་དང་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་གི་ཧྲུའུ་ཅི་ཀྲུའུ་མཱ་ལི་གཉིས་ཀྱིས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཁ་ཕྱོགས་གཏན་ལ་ཕབ་སྟེ། ཀྲུང་གོ་དང་ལའོ་ཝུའོ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཤན་ཤུགས་དྲག་པོ་ཐེབས། ཁོང་གིས་ཏང་གཉིས་ཀྱིས་ཏང་གཉིས་བར་གྱི་བརྗེ་རེས་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་གཏིང་ཟབ་ཏུ་སྤེལ་དགོས་པར་མ་ཟད། རིགས་གཞུང་དཔྱད་གླེང་ལ་ཤུགས་སྣོན་པ་དང་། བྱ་བའི་ཉམས་མྱོང་སྔར་ལས་བརྗེ་རེས་བྱས་ཏེ། དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་ཇེ་ཆེར་གཏོང་དགོས་པའི་རེ་བ་བཏོན།

པུན་ཐུང་གིས་ཏང་གཉིས་བར་གྱི་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ཕན་ཚུན་བར་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་ཉམས་མྱོང་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་འདོད་ཡོད་པའི་ཚུལ་བསྟན།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག