མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ལུའུ་པུན་སི་དང་ཧྥན་ཏེ་ཁི། ཧྥོ་ལན་ཏི་སིའི་རི་མོ་ཕྱོགས་ཁག་སྟེ་ལའེ་ཀྲི་ཏུང་ཐུའུ་ཏིན་རྒྱལ་བོ་ཚང་གི་རྩ་ཆེན་རི་མོའི་འགྲེམ་སྟོན་པེ་ཅིན་མགོ་བརྩམས་པར་རྟེན་འབྲེལ་ཞུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-06 10:50

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལུའུ་པུན་སི་དང་ཧྥན་ཏེ་ཁི། ཧྥོ་ལན་ཏི་སིའི་རི་མོ་ཕྱོགས་ཁག་སྟེ་ལའེ་ཀྲི་ཏུང་ཐུའུ་ཏིན་རྒྱལ་བོ་ཚང་གི་རྩ་ཆེ་བའི་རི་མོའི་འགྲེམ་སྟོན་དེ་ཚེས5ཉིན་ཀྲུང་གོ་རྒྱལ་ཁབ་རྟེན་མཛོད་ཁང་ནས་འགྲེམ་སྟོན་བྱེད་མགོ་བརྩམས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་སྟེ། འགྲེམ་སྟོན་མགོ་བརྩམས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཐེངས་འདིར་འགྲེམ་སྟོན་གྱིས་ལུའུ་པུན་སི་དང་ཧྥན་ཏི་ཁི་སོགས་སྒྱུ་རྩལ་པ་གྲགས་ཆེན་གྱི་བརྩམས་ཆས་འགྲེམ་སྟོན་བྱས་ཏེ། ཀྲུང་གོའི་མི་དམངས་ཀྱིས་ཧྥའོ་ལན་ཏི་ཡིས་བྲིས་པའི་སྒྱུ་རྩལ་ལ་ཐག་ཉེ་ས་ནས་བལྟ་ཐུབ་པར་མ་ཟད། ལའེ་ཀྲི་ཏུང་ཐུའུ་ཏིན་རྒྱལ་བོ་ཚང་གི་རྩ་ཆེན་རི་མོར་རོལ་མྱོང་བྱེད་ཐུབ་པས། དེ་ནི་ཀྲུང་གོ་དང་ལའེ་ཀྲི་ཏུང་ཐུའུ་ཏིན་རྒྱལ་བོ་ཚང་བར་གྱི་རིག་གནས་བརྗེ་རེས་བྱེད་པའི་ཐད་ཀྱི་དོན་དག་གལ་ཆེན་ཞིག་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག