མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དཔལ་ཡོན་བྱ་བའི་གཞུང་སྒྲུབ་ཁང་གཉིས་ཀྱིས་ཀུན་སྤྱོད་དཔེ་ལེགས་ཅན་ལ་འཚམས་འདྲི་དང་རོགས་སྐྱོར་བྱེད་པའི་བྱ་འགུལ་སྤེལ་བ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-11-06 10:50

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དཔལ་ཡོན་བྱ་བའི་གཞུང་སྒྲུབ་ཁང་གཉིས་ཀྱིས་ཀུན་སྤྱོད་དཔེ་ལེགས་ཅན་ལ་འཚམས་འདྲི་དང་རོགས་སྐྱོར་བྱེད་པའི་བྱ་འགུལ་སྤེལ་ཏེ། ཏང་དང་སྲིད་གཞུང་གི་དྲོད་སྐྱིད་དང་སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་སེམས་ཁུར་བསྐྱལ་ནས། ཀུན་སྤྱོད་དཔེ་ལེགས་ཅན་ལ་བརྩི་བཀུར་དང་། ཀུན་སྤྱོད་དཔེ་ལེགས་ཅན་ལ་སེམས་ཁུར། ཀུན་སྤྱོད་དཔེ་ལེགས་ཅན་ལ་སློབ་སྦྱོང་བཅས་བྱེད་པའི་དར་སྲོལ་བཟང་བོ་ཞིག་ཆགས་པར་བྱས།

ད་ལོའི་ཟླ9བའི་ཚེས26ཉིན། སྐབས་བཞི་བའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་བདམས་ཐོན་བྱུང་སྟེ། ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་གྱིས་ཀུན་སྤྱོད་དཔེ་ལེགས་ཅན་ལ་ཧ་ཅང་སེམས་ཁུར་བྱེད་ཀྱིན་ཡོད་ལ། ཁོ་ཚོའི་བྱ་བ་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། ཁོ་ཚོར་སེམས་ཁུར་བྱེད་པ་དང་། ཁོ་ཚོའི་བྱ་བ་དང་འཚོ་བའི་ཁྲོད་ཀྱི་དཀའ་ཁག་སེལ་རོགས་བྱེད་དགོས་པའི་རེ་བ་བཏོན། རྒྱུས་ལོན་བྱུང་བ་ལྟར་ན། 2007ལོའི་ཚུན་ལ། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དཔལ་ཡོན་བྱ་བའི་གཞུང་སྒྲུབ་ཁང་གཉིས་ཀྱིས་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་ལེགས་ཅན་དོན་བཞིར་རོགས་སྐྱོར་བྱས་པ་དང་། རོགས་སྐྱོར་མ་དངུལ་བསྡོམས་པས་སྒོར་ས་ཡ་བདུན་དང་འབུམ་གཅིག་ཁྲི་དགུ་བྱིན། ཞིང་ལྗོངས་དང་གྲོང་ཁྱེར་སོ་སོས་སྔ་གཞུག་ཏུ་ཀུན་སྤྱོད་དཔེ་ལེགས་ཅན་ཁྲི་གསུམ་དང་སྟོང་གསུམ་ལ་རོགས་སྐྱོར་བྱས་པ་དང་། རོགས་སྐྱོར་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ས་ཡ་དགུ་བྱིན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག