མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་གི་སྐོར་གཉིས་པའི་སྐོར་ཞིབ་བྱ་བ་ཕྱོགས་ཡོངས་ནས་སྒྲུབ་མགོ་བརྩམས་པ།

རྩོམ་པ་པོ། ལོ་ཙཱ་བ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-05 15:26

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་གི་སྐོར་ཞིབ་ཚན་ཆུང་གིས་སྐོར་དང་པོའི་སྐོར་ཞིབ་བྱ་བ་བསྒྲུབས་ཚར་རྗེས། ཉེ་ལམ་སྐོར་གཉིས་པའི་སྐོར་ཞིབ་བྱ་བ་སྔ་གཞུག་ཏུ་སྒྲུབ་མགོ་བརྩམས། སྐོར་གཉིས་པའི་ཀྲུང་དབྱང་གི་སྐོར་ཞིབ་ཚན་ཆུང་བཅུ་སོ་སོར་ཚོང་དོན་པུའུ་དང་ཞིན་ཧྭ་གསར་འགྱུར་ཁང་། རྒྱལ་ཁོངས་ཐོན་ཁུངས་པུའུ། ཅི་ལིན། ཡུན་ནན། ཧྲན་ཞི། ཨན་ཧོས། ཀོང་ཏུང་། ཧུའུ་ནན་སོགས་ལ་སྐོར་ཞིབ་བྱེད་པར་སོང་བར་མ་ཟད། སྤྱི་ཚོགས་སྟེང་འབྲེལ་འདྲིས་བྱེད་ཐབས་བསྒྲགས།

ཤེས་བ་ལྟར་ན། ཀྲུང་དབྱང་གི་བཀོད་སྒྲིག་ལྟར། ཐེངས་འདིའི་སྐོར་ཞིབ་བྱ་བའི་ལས་འགན་གཙོ་བོ་ནི་མགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མི་དང་ཁྱད་པར་དུ་འགན་ཁུར་བ་གཙོ་བོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་། ཀྲུང་དབྱང་གི་ཆོད་དོན་བརྒྱད་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་ནན་འཛིན་བྱེད་པ། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་དང་ལས་བྱེད་པ་གདམ་གསེས་དང་བསྐོ་འཇོག་བྱེད་པ་བཅས་ཕྱོགས་བཞིའི་གནད་དོན་ལ་ཞིབ་བཤེར་དང་ལྟ་སྐུལ་བྱེད་རྒྱུ་དེ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག