མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིབ་བསྡུར་འཛིན་གྲྭའི་སྐབས་དང་པོ་ཀྲུང་དབྱང་ཏང་གི་སློབ་གྲྭ་ནས་ཚོགས་མགོ་བརྩམས་པ།

རྩོམ་པ་པོ། ལོ་ཙཱ་བ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-05 15:25

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིབ་བསྡུར་འཛིན་གྲྭ་སྐབས་དང་པོ་ཚེས་བཞི་ཉིན་ཀྲུང་དབྱང་ཏང་གི་སློབ་གྲྭ་ནས་ཚོགས་མགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ལིག་ཡུན་ཧྲན་འཛིན་གྲྭ་ཚོགས་མགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་གསུངས་བཤད་གལ་ཆེན་གནང་། ཁོང་གིས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱིས་ང་ཚོར་མགོ་ཚུགས་ས་གསར་བ་ནས་འབད་འཐབ་དམིགས་འབེན་གསར་བ་མངོན་འགྱུར་བྱེད་པར་གཞི་རྩའི་རྩ་དོན་འདོན་སྤྲོད་བྱས་ཡོད་པས། ང་ཚོས་ཆབ་སྲིད་ཀྱི་ལངས་ཕྱོགས་གསལ་བོ་བྱས་ནས་རང་རྟོགས་སྒོས་སློབ་སྦྱོང་དང་ལག་བསྟར་བྱ་བ་དམ་འཛིན་བྱེད་དགོས་པ་དང་། བསམ་བློ་དང་བྱ་སྤྱོད་གཉིས་ཀ་གསུངས་བཤད་ཀྱི་དགོངས་དོན་གཅིག་གྱུར་བྱེད་དགོས་ཟེར།

ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པ་ལས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་འཕེལ་དུ་གཏོང་བའི་རིགས་གཞུང་གལ་ཆེན་དང་ལག་ལེན་གནད་དོན་ལ་ལན་གསལ་བོ་བཏབ་ཡོད་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་རྒྱས་བཤད་བྱས་ཤིང་། ཏང་གི་ཚན་རིག་རིགས་གཞུང་འཕེལ་རྒྱས་སུ་བཏང་བ་དང་ང་ཚོ་ཏང་གི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆོས་ཉིད་དང་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་འཛུགས་སྐྲུན་ཆོས་ཉིད་ཀྱི་འདུ་ཤེས་སྔར་ལ་ཇེ་དྲག་ཏུ་བཏང་། གསུངས་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་ནི་བསམ་བློའི་འདུ་ཤེས་གཅིག་གྱུར་བྱེད་པ་དང་། མདུན་བསྐྱོད་ཁ་ཕྱོགས་གསལ་བོ་བྱེད་པའི་དགོས་མཁོ་ཡིན་ལ། འཕེལ་རྒྱས་ཀྱི་གནས་བབ་གསར་བར་དམིགས་ནས་ལས་དོན་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་པའི་དགོས་མཁོ་ཡིན་པར་མ་ཟད། ཏང་ཡོན་ལས་བྱེད་པའི་དཔུང་སྡེའི་བྱང་ཚད་ཇེ་མཐོར་བཏང་ནས་རྙོག་འཛིང་གི་རྣམ་པ་བསྒྱུར་བའི་ནུས་པ་ཇེ་ཆེར་གཏོང་བའི་དགོས་མཁོ་ཡིན་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག