མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཁག་གིས་སྤྱོད་ངན་བཞི་ཡི་འབུར་ཐོན་གནད་དོན་ལ་ཆེད་དོན་དག་ཐེར་བཅོས་སྐྱོང་བྱེད་པ་དང་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས་པ།

རྩོམ་པ་པོ། ལོ་ཙཱ་བ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-05 15:25

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ་ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཁག་གིས་སྤྱོད་ངན་བཞི་ཡི་འབུར་ཐོན་གནད་དོན་ལ་ཆེད་དོན་དག་ཐེར་བཅོས་སྐྱོང་བྱེད་པ་དང་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས།

བརྡ་ཐོ་ལས་བསྟན་དོན། གཞུང་དངུལ་བཀོལ་ནས་ལེགས་སྐྱེས་སྟེར་བ་དང་གཞུང་དངུལ་བཀོལ་ནས་རྒྱས་ཟ་རྒྱས་འཐུང་བྱེད་པ། དམིགས་ཚད་ལས་བརྒལ་ནས་རླངས་འཁོར་བཀོད་སྒྲིག་བྱེད་པ། གཞུང་སྒྲུབ་ཁང་བ་ལྷག་འཛིན་བྱེད་པ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་སྐྱེལ་བའི་བྱ་སྤྱོད་སོགས་མང་ཚོགས་ཀྱིས་བཏོན་པའི་འབུར་ཐོན་སྤྱོད་ངན་བཞི་ཡི་གནད་དོན་ལ་ཆེད་དོན་དག་ཐེར་དང་བཅོས་སྐྱོང་བྱེད་དགོས་ཟེར།

བརྡ་ཐོ་ལས་བསྟན་དོན། གོ་རིམ་ལྡན་པའི་བསམ་ཕྱོགས་དང་བཅོས་སྒྱུར་གྱི་བྱེད་ཐབས་ལ་བརྟེན་ནས་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ལམ་ལུགས་ལག་བསྟར་ཤུགས་ཚད་ཇེ་ཆེར་གཏོང་དགོས་ལ། གླེང་ཕྱོགས་དྲིལ་སྒྲོག་དང་ལྟ་རྟོག་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྤྱོད་ངན་བཞི་ཡི་གནད་དོན་ལ་ཆེད་དོན་དག་ཐེར་བཅོས་སྐྱོང་བྱེད་པ་དང་ལམ་ལུགས་འཛུགས་སྐྲུན་བྱ་བ་བཟང་བོར་བསྒྲུབ་པར་སྣེ་ཁྲིད་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག