མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་དཔལ་འབྱོར་གནས་བབ་སྐོར་གྱི་་བཞུགས་མོལ་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། ལོ་ཙཱ་བ། བཀྲ་ཤིས་འབུམ།    2013-11-04 11:25

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བཅུ་བའི་ཚེས31ཉིན་པེ་ཅིན་ནས་མགོ་འཛིན་མཛད་དེ་དཔལ་འབྱོར་གནས་བབ་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཆེད་མཁས་པ་དང་ཤེས་ཡོན་ཅན། ཁེ་ལས་ཀྱི་འགན་འཁུར་བ་བཅས་ཀྱིས་དེང་སྐབས་ཀྱི་གནས་བབ་དང་ཕྱིན་ཆད་ཀྱི་དཔལ་འབྱོར་བྱ་བའི་ཐད་ལ་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་ཉན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བཅུ་བའི་ཚེས31ཉིན་པེ་ཅིན་ནས་མགོ་འཛིན་མཛད་དེ་དཔལ་འབྱོར་གནས་བབ་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཆེད་མཁས་བ་དང་ཤེས་ཡོན་ཅན། ཁེ་ལས་ཀྱི་འགན་འཁུར་བ་བཅས་ཀྱིས་དེང་སྐབས་ཀྱི་གནས་བབ་དང་ཕྱིན་ཆད་ཀྱི་དཔལ་འབྱོར་བྱ་བའི་ཐད་ལ་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་ཉན།

ཚོགས་ཐོག་ཏུ་ཆེ་ཕྱོགས་དཔལ་འབྱོར་དང་དངུལ་ལོར་སོགས་ཁྱབ་ཁོངས་ཀྱ་ཆེད་མཁས་བ་དང་ཤེས་ཡོན་ཅན་གྱིས་རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་གནས་བབ་དང་སང་ལོའི་འཕེལ་ཕྱོགས་ལ་དམིགས་ནས་རང་རང་གི་ལྟ་ཚུལ་བརྗོད་པ་དང་། རླངས་འཁོར་དང་གློག་རྡུལ་ཚོང་དོན་སོགས་ལས་རིགས་ཀྱི་འགན་འཁུར་བས་ཐོན་སྐྱེད་བདག་གཉེར་དང་ལས་རིགས་འཕེལ་རྒྱས། དེ་མིན་གོ་རིམ་རྗེས་མའི་བྱ་བ་སོགས་ཀྱི་ཐད་ནས་བསམ་འཆར་བཏོན།

ཚོགས་ཐོག་ནས་ལིས་ཁི་ཆང་གིས་གསུངས་རྒྱུར། འཕར་སྣོན་བརྟན་འཇགས་དང་གྲུབ་ཚུལ་ལེགས་སྒྲིག རྣམ་པ་བསྒྱུར་བར་སྐུལ་འདེད་གཏོང་རྒྱུ་བཅས་ནི་མདོར་བསྡུས་ན་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་བརྟེན་དགོས། བཅོས་སྒྱུར་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་བཅོས་སྒྱུར་ལ་བརྟེན་ནས་གྲུབ་ཚུལ་ལེགས་སྒྲིག་བྱེད་པ། བཅོས་སྒྱུར་གྱི་འཕེལ་རྒྱས་གྲུབ་འབྲས་ལས་མི་དམངས་མང་ཚོགས་ཡོངས་ལ་ཁེ་ཕན་ཐོབ་པ་ཡིན། བཅོས་སྒྱུར་བྱེད་པར་ད་དུང་མདུན་ལམ་རྒྱ་ཆེན་པོ་ཡོད་པ་དང་བཅོས་སྒྱུར་མ་བྱས་ན་འཕེལ་རྒྱས་ཀྱི་གོ་སྐབས་ཅི་ཡང་ཡོད་མི་སྲིད། ད་ལྟ་བཅོས་སྒྱུར་བྱ་བ་དེ་གནད་འགག་གི་དུས་སྐབས་སུ་སླེབས་ཡོད་པ་དང་དཀའ་ཁག་དེ་ལས་རྣམ་པར་རྒྱལ་དགོས་ན་ངེས་པར་དུ་ཁེ་ཕན་བསམ་དགོས་ལ། མི་དམངས་མང་ཚོགས་ཀྱི་གཞི་རྩའི་ཁེ་ཕན་དང་དཔལ་འབྱོར་རྒྱུན་མཐུད་དང་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་ཆེད། ང་ཚོས་ངེས་པར་དུ་སྤོབས་པ་ཆེ་རུ་བསྐྱེད་ནས་སྔར་ཡོད་ཀྱི་ཁེ་ཕན་རྣམ་པ་བསྒྱུར་དགོས་པར་མ་ཟད། བློ་བརྟན་འགྱུར་མེད་སྒོས་བཅོས་སྒྱུར་སྣ་ཚོགས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལེ་དང་ལིག་ཡན་ཏུང་། ཝང་ཡང་། མ་ཁེ། རྒྱལ་སྲིད་ཨུ་ཡོན་དབྱང་ཅིན་དང་ཝང་ཡུང་བཅས་ཚོགས་འདུར་ཞུགས། །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག