མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཅི་ལིན་ཞིང་ཆེན་གྱི་དེ་སྔའི་རྒྱུན་ལས་འགོ་འཛིན་གཞོན་པ་ཐེན་ཞུའེ་རེན་གྱིས་ལྐོག་རྔན་བླངས་པའི་ཉེས་པ་བསགས་པ།

རྩོམ་པ་པོ། མིག་དམར་རྒྱ་མཚོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-11-02 10:52

ཐེན་ཞུའེ་རེན།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པེ་ཅིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོས་ཚེས་1ཉིན་གྱི་སྔ་དྲོ་ཅི་ལིན་ཞིང་ཆེན་གྱི་དེ་སྔའི་རྒྱུན་ལས་འགོ་འཛིན་གཞོན་པ་ཐེན་ཞུའེ་རེན་(田学仁)གྱིས་ལྐོག་རྔན་བླངས་པའི་གྱོད་གཞིར་འདྲི་གཅོད་དང་པོ་བྱས་ནས་ཁྲུན་ཐག་བཅད་པ་དང་། ཐེན་ཞུའེ་རེན་གྱིས་ལྐོག་རྔན་བླངས་པའི་ཉེས་པ་བསག་པ་གཏན་འཁེལ་བྱས་ཏེ་ཚེ་གང་བཙོན་འཇུག་བྱ་རྒྱུ་དང་། ཆབ་སྲིད་དབང་ཆ་ཚེ་གང་འཕྲོག་རྒྱུ་མ་ཟད། མི་སྒེར་གྱི་རྒྱུ་ནོར་ཚང་མ་གཞུང་བཞེས་གཏོང་རྒྱུའི་ཁྲུན་ཐག་བཅད་པ་རེད།

    པེ་ཅིན་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཡན་ལག་ཁྲིམས་ཁང་དང་པོས་གཏུག་བཤེར་བྱས་པ་བརྒྱུད་ཁྲིམས་ཁང་གིས་འདྲི་གཅོད་བྱས་པ་བརྒྱུད་རྩད་གཅོད་ཐུབ་པར། སྤྱི་ལོ་༡༩༩༥ལོ་ནས་༢༠༡༡ལོའི་བར་ཐེན་ཞུའེ་རེན་གྱིས་ཀྲུང་གུང་ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཅི་ལིན་གྲོང་ཨུད་ཀྱི་ཧྲུའུ་ཅི། ཅི་ལིན་ཞིང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ཡན་པན་ཁོ་རེ་ཡ་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཅི་ལིན་ཞིང་ཆེན་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཞིང་ཆེན་གྱི་འགོ་འཛིན་གཞོན་པ། ཅི་ལིན་དངུལ་ཁང་གི་ཏང་ཨུད་ཧྲུའུ་ཅི་དང་ལས་འཛིན་དཔོན་གྱི་འགན་ཁུར་རིང་འགན་གནས་ཀྱི་སྟབས་བདེ་བེད་སྤྱད་དེ་མི་གཞན་ལ་དངུལ་བུན་བཏང་བ་དང་། ལས་སྒོ་འགན་གཙང་སྤྲད་པ། གོ་གནས་མཐོ་རུ་གཏོང་བ་སོགས་ཀྱི་ཐད་ཁེ་ཕན་རག་ཐབས་བྱས་པ་དང་། དེ་བཞིན་རང་ཉིད་ཀྱི་འགན་དབང་དང་གོ་གནས་ལས་བྱུང་བའི་སྟབས་བདེའི་ཆ་རྐྱེན་བེད་སྤྱད་དེ་རྒྱལ་ཁབ་ཀྱི་ལས་དོན་མི་སྣ་གཞན་དག་གི་འགན་གནས་སྟེང་གི་བྱ་སྤྱོད་བརྒྱུད་མི་གཞན་ལ་ཚུལ་མིན་གྱི་ཁེ་ཕན་རག་ཐབས་བྱས་པ་དང་། སྔ་རྗེས་སུ་ཅི་ལིན་ཐན་ཧོ་སྨན་རྫས་ལས་རིགས་ཚད་ཡོད་ཀུང་སི་དང་། སྐབས་དེ་དུས་ཁྲང་ཁྲུན་གྲོང་ཁྱེར་སྤྱི་བདེ་ཅུད་མྱུལ་ཞིབ་རུ་ཆེན་གྱི་ལྐོག་འདྲེན་འཛིན་བཟུང་རུ་ཁག་གི་རུ་དཔོན་གྱི་འགན་ཁུར་མཁན་ཞུས་ཝེ་མིང་སོགས་ཚན་པའམ་མི་སྒེར་བཅུས་སྤྲད་པའི་དངུལ་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་བྱེ་བ་གཅིག་དང་ས་ཡ་དགུ་དང་ཆིག་འབུམ་དགུ་ཁྲི་བླངས་ཡོད། གྱོད་གཞི་ཤེས་རྟོགས་ཐུབ་རྗེས་ལྐོག་རྔན་བླངས་པའི་དངུལ་དེ་དག་ཚང་མ་གཞུང་བཞེས་བཏང་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག