མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱིས་ལྷོ་སྣེར་ཚན་རིག་རྟོག་ཞིབ་ས་ཚིགས་བཞི་པ་སྟེ་ཐེ་ཧྲན་ས་ཚིགས་ཞེས་པ་འཛུགས་རྒྱུ་ཡིན་པ།

རྩོམ་པ་པོ། སྐྱིད་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-11-02 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ལྷོ་སྣེའི་ཚན་རིག་རྟོག་ཞིབ་རུ་ཁག་སུམ་ཅུ་པ་དེ་སྤྱི་ཟླ་11ཚེས་7ཉིན་ཧྲང་ཧེའི་ནས་རྡོག་ཐོན་བྱ་རྒྱུ་ཡིན་པ་དང་ཐེངས་འདིའི་རྟོག་ཞིབ་བྱེད་སྒོའི་ནང་རང་རྒྱལ་གྱིས་ལྷོ་སྣེར་ཚན་རིག་རྟོག་ཞིབ་ས་ཚིགས་བཞི་པ་སྟེ་ཀྲུང་གོའི་ལྷོ་སྣེའི་ཐེ་ཧྲན་ས་ཚིགས་ཞེས་པ་འཛུགས་རྒྱུ་ཡིན་པ་རེད།

རྒྱལ་ཁབ་རྒྱ་མཚོ་ཅུས་གླིང་སྣེའི་རྟོག་ཞིབ་གཞུང་ལས་ཁང་གི་ཀྲུའུ་རིན་ཆུས་ཐན་ཀྲའུ་ཡིས་སྤྱི་ཚེས་1ཉིན་ཧྲང་ཧའེ་རུ་སྐོང་འཚོགས་བྱས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ཀྲུང་གོའི་ལྷོ་སྣེའི་ཚན་རིག་རྟོག་ཞིབ་ཐེངས་སུམ་ཅུ་པ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་རྒྱ་མཚོའི་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས་ཞེས་གསལ་པོ་བཏོན་རྗེས་སྤེལ་བའི་ལྷོ་སྣེའི་ཚན་རིག་རྟོག་ཞིབ་དང་པོ་དེ་རེད། རྟོག་ཞིབ་རུ་ཁག་དེ་མི་256ལས་གྲུབ་པ་དང་ཚན་རིག་རྟོག་ཞིབ་ཀྱི་ལས་འགན་ཁག་30དང་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་དང་ལས་གཞི་འཛུགས་སྐྲུན་རྣམ་གྲངས་15ལེགས་གྲུབ་བྱེད་རྒྱུ་ཡིན་པ་དང་། དེའི་ནང་ནས་ཀྲུང་གོའི་ལྷོ་སྣེའི་ཐེ་ཧྲན་ས་ཚིགས་འཛུགས་རྒྱུ་ནི་ད་ཐེངས་རྟོག་ཞིབ་བྱེད་པའི་གལ་ཆེའི་ནང་གི་གལ་ཆེན་ཡིན་པས་རང་རྒྱལ་གྱི་གླེང་སྣེའི་ཚན་རིག་རྟོག་ཞིབ་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གཞན་ཞིག་རེད་ཅེས་ངོ་སྤྲོད་གནང་འདུག །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག