མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལྟ་ཞིབ་པུས་ཡིག་ཆ་བཏོན་ནས་དམིགས་བསལ་གདན་ཞུས་ལྟ་ཞིབ་མི་སྣའི་ལས་དོན་ཚད་ལྡན་བཟོས་པ།

རྩོམ་པ་པོ། མིག་དམར་རྒྱ་མཚོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-11-02 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལྟ་ཞིབ་པུས་ཉིན་ཤས་གོང་ལྟ་ཞིབ་ལས་ཁུངས་ཀྱི་དམིགས་བསལ་གདན་ཞུས་ལྟ་ཞིབ་པའི་ལས་དོན་བྱ་ཐབས་ཞེས་པ་ཁྱབ་བསྒྲགས་བྱས་ཏེ། དམིགས་བསལ་གདན་ཞུས་ལྟ་ཞིབ་མི་སྣའི་ལས་དོན་ཐད་མཛུབ་ཁྲིད་དང་ཚད་ལྡན་བཟོས་ཡོད་པ་དང་། སྤྱི་ལོ་2013ལོའི་སྤྱི་ཟླ11པའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་འགོ་ཚུགས་ཡོད་པ་རེད།

བྱ་ཐབས་ནང་ལྟ་ཞིབ་ལས་ཁུངས་ཀྱི་དམིགས་བསལ་གདན་ཞུས་ལྟ་ཞིབ་མི་སྣ་བསྐོ་བཞག་བྱེད་པའི་ཁྱབ་ཁོངས་དང་། གཞི་རྩའི་ཆ་རྐྱེན། འགན་འཁྲི། དབང་ཆ། འོས་འགན། བསྐོ་བཞག་བྱེད་པའི་གོ་རིམ། གདན་ཞུ་མཚམས་འཇོག་བྱེད་པའི་གནས་ཚུལ་སོགས་ཀྱི་ནང་དོན་གཏན་འབེབས་བྱས་ཡོད།

བྱ་ཐབས་དེ་བཏོན་པ་དེས་ཕྱིན་ཆད་ཚད་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་དམིགས་བསལ་གདན་ཞུས་ལྟ་ཞིབ་མི་སྣའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ལམ་ལུགས་གལ་ཆེན་གྱི་འགན་སྲུང་ལྡན་པར་གྱུར་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག