མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་བདེ་འཇགས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུད་ཀྱིས་ལྐོག་ཏུ་ཞིབ་བཤེར་དང་འཐེན་ཞིབ་བྱེད་པའི་ཐེངས་གྲངས་དང་བྱེད་སྟངས་གསལ་པོ་བཟོས་པ།

རྩོམ་པ་པོ། མིག་དམར་རྒྱ་མཚོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-11-02 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བདེ་འཇགས་ཐོན་སྐྱེད་ལ་ལྐོག་ཏུ་ཞིབ་བཤེར་དང་འཐེན་ཞིབ་ལས་དོན་ཚད་ལྡན་བཟོ་ཆེད། རྒྱལ་ཁབ་བདེ་འཇགས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུད་ཀྱིས་ཉིན་ཤས་གོང་སྤྱོད་ཚུལ་ལ་འགྱུར་བ་བཏང་ནས་བདེ་འཇགས་ཐོན་སྐྱེད་ལ་ལྐོག་ཏུ་ཞིབ་བཤེར་དང་འཐེན་ཞིབ་བྱེད་པའི་ལས་དོན་ལམ་ལུགས་ཞེས་པ་བཏོན་པ་དང་། བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ལྐོག་ཏུ་ཞིབ་བཤེར་དང་འཐེན་ཞིབ་བྱེད་པའི་ཐེངས་གྲངས་དང་བྱེད་སྟངས་སོགས་གསལ་པོ་བཟོས་ཡོད།

ལམ་ལུགས་དེའི་ནང་བདེ་འཇགས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུད་དང་རྡོ་སོལ་གཏེར་ཁའི་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་ཅུད་ལས་ཁུངས་ཀྱི་སི་དང་ཅུད་ཁག སྟབས་བསྟུན་བཀོད་འདོམས་ལྟེ་གནས་བཅས་ཀྱིས་དུས་བཀག་ལྟར་བདེ་འཇགས་ཐོན་སྐྱེད་ལ་ལྐོག་ཏུ་ཞིབ་བཤེར་དང་འཐེན་ཞིབ་བྱ་རྒྱུ་སྒྲིག་འཛུགས་བྱེད་དགོས་པ་དང་། ལས་སྒོ་སི་དང་ཅུད་ཁག་ནས་ཉུང་མཐར་ཡང་ནམ་དུས་རེར་ཐེངས་གཅིག་དང་། ཕྱོགས་བསྡུས་སི་དང་ཅུད། སྟབས་བསྟུན་བཀོད་འདོམས་ལྟེ་གནས་ཁག་ནས་ཉུང་མཐར་ཡང་ལོ་ཕྱེད་ལ་ལྐོག་ཏུ་ཞིབ་བཤེར་དང་འཐེན་ཞིབ་ཐེངས་གཅིག་བྱེད་དགོས་ཞེས་བསྟན་ཡོད།

ལྐོག་ཏུ་ཞིབ་བཤེར་བྱེད་པའི་བྱེད་སྟངས་ཐད་ལམ་ལུགས་གསལ་པོ་བཟོ་དགོས་པ་དང་། ལྐོག་ཏུ་ཞིབ་བཤེར་དང་འཐེན་ཞིབ་བྱེད་པའི་ལས་དོན་སྤེལ་སྐབས་མི་བྱེད་པ་བཞི་དང་ཐད་ཀར་གཉིས་ཞེས་པའི་བྱེད་སྟངས་ལག་བསྟར་བྱ་རྒྱུ་ཡིན་པ་སྟེ། དེ་ཡང་བརྡ་ཐོ་མི་གཏོང་བ་དང་། ས་གནས་སྲིད་གཞུང་ལ་སྔོན་ནས་མི་ཤོད་པ། སྤྱིར་བཏང་རང་བཞིན་གྱི་ལས་དོན་སྙན་ཞུ་མི་ཉན་པ། ས་གནས་དེ་གའི་བདེ་འཇགས་ལྟ་སྐུལ་དོ་དམ་ཅུད་དང་རྡོ་སོལ་གཏེར་ཁའི་བདེ་འཇགས་ལྟ་སྐུལ་ཅུད་ཀྱི་མི་སྣའི་ཕེབས་རོགས་དང་ལེན་མི་བྱེད་པ་དང་ཐད་ཀར་གཞི་རིམ་ལ་བསྐྱོད་པ་དང་ཐད་ཀར་ལས་ཡུལ་དངོས་སུ་བསྐྱོད་དེ་གློ་བུར་དུ་ཞིབ་བཤེར་དང་། དུས་ངེས་མེད་ཀྱི་འཐེན་ཞིབ་བྱ་རྒྱུ་ཡིན་པ་རེད།

ལམ་ལུགས་ཐད་བཟོད་སྒོམ་མི་བྱེད་པ་དང་ལག་བསྟར་ནན་པོ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞིབ་བཤེར་བྱས་ནས་ཤེས་རྟོགས་ཐུབ་པའི་བདེ་འཇགས་ཐོན་སྐྱེད་ཀྱི་མི་མངོན་པའི་རྐྱེན་ངན་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་ནན་པོ་བྱེད་དགོས་པ་དང་། བདེ་འཇགས་ཐོན་སྐྱེད་ཐད་ཁྲིམས་ལས་འགལ་བ་དང་། སྒྲིག་སྲོལ་ལས་འགལ་བའི་བྱ་སྤྱོད་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་རྒྱུའི་བླང་བྱ་འདོན་དགོས་པའི་ནན་བཤད་བྱས་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག