མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གསར་བའི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་ཡོངས་དང་གླེང་མོལ་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-01 11:10


ཟླ10བའི་ཚེས31ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕེན་གྱིས་ཀྲུང་ནན་ཧེ་ནས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གསར་བའི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་ཡོངས་དང་གླེང་མོལ་མཛད་པ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ10བའི་ཚེས31ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧེ་ནས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གསར་བའི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་ཡོངས་དང་གླེང་མོལ་མཛད་པར་མ་ཟད་གསུངས་བཤད་གལ་ཆེན་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གླེང་མོལ་ལ་ཞུགས།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྲིན་ཡའོ་ཡའོ་ཡིས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གསར་བའི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་མཚམས་སྦྱོར་མཛད་པ་དང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་སུང་ཞིག་ཡན་གྱིས་ཀྲུང་གོའི་བུད་མེད་ཀྱི་ཚོགས་ཆེན་ཐེངས་བཅུ་གཅིག་པ་ཚོགས་པའི་གནས་ཚུལ་དང་མ་འོངས་བའི་ལོ་ལྔའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་བསམ་ཕྱོགས་ཡར་ཞུ་བྱས། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་བཅུ་གཅིག་པའི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་སོ་སོས་གཏམ་བཤད།

ཞི་ཅིན་ཕེན་གྱིས་ཁོ་ཚོའི་གཏམ་བཤད་ལ་ཉན་རྗེས་གསུངས་རྒྱུར། ཏང་གི་བུད་མེད་བྱ་བ་བཟང་བོར་བསྒྲུབ་རྒྱུ་དེ་ཏང་དང་མི་དམངས་ཀྱི་ལས་དོན་གོང་འཕེལ་ཐད་ལ་སྟོབས་ཤུགས་འདོན་སྤྲོད་བྱེད་པར་འབྲེལ་བ་ཡོད་པ་དང་། ཏང་གིས་སྲིད་འཛིན་པའི་གྲལ་རིམ་རྨང་གཞི་དང་མང་ཚོགས་རྨང་གཞི་སྲ་བརྟན་དུ་གཏོང་བར་འབྲེལ་བ་བ་ཡོད་པས། ངེས་པར་དུ་ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱེད་དགོས་པ་དང་། རང་རྒྱལ་བུད་མེད་ཀྱི་རླབས་ཆེན་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་ལོ་རྒྱུས་དུས་སྐབས་སུ་ང་ཚོ་ཏང་གིས་དུས་དང་རྣམ་པ་ཀུན་ཏུ་བུད་མེད་ཀྱི་བཅིངས་འགྲོལ་འཕེལ་རྒྱས་མངོན་འགྱུར་དང་ཕོ་མོ་འདྲ་མཉམ་མངོན་འགྱུར་བྱེད་པ་དེ་རང་ཉིད་ཀྱིས་འབད་འཐབ་བྱེད་པའི་བགྲོད་ལམ་དུ་ཞུགས་པ་དང་དུས་དང་རྣམ་པ་ཀུན་ཏུ་བུད་མེད་བྱ་བ་དེ་གོ་གནས་གལ་ཆེན་ཏུ་འཇོག་པ་རྒྱུན་འཁྱོངས་བྱས་ནས། རང་རྒྱལ་གྱི་བུད་མེད་འགུལ་སྐྱོད་མགོ་ཁྲིད་པའི་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་བར་མ་ཟད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བུད་མེད་འཕེལ་རྒྱས་བགྲོད་ལམ་གསར་གཏོད་བྱས། དེང་སྐབས་ང་ཚོའི་མདུན་དུ་ལྷགས་པའི་ལས་འགན་སྔར་ལས་ལྗིད་པ་དང་དམིགས་འབེན་སྔར་ལས་རྒྱ་ཆེ་བས་རྒྱ་ཆེའི་བུད་མེད་རྣམས་ཀྱིས་བློ་གྲོས་དང་སྟོབས་ཤུགས་ཆེན་པོ་འདོན་དགོས་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་བུད་མེད་ལས་དོན་གོང་འཕེལ་དུ་གཏོང་བ་དང་བུད་མེད་བྱ་བ་བཟང་བོར་བསྒྲུབ་པའི་དོན་སྙིང་གལ་ཆེན་གསལ་བོར་ཤེས་པར་བྱེད་པ་དང་མཐོང་ཆེན་དང་སེམས་ཁུར། རྒྱབ་སྐྱོར་བཅས་ཀྱི་ཤུགས་ཚད་སྔར་ལས་ཇེ་ཆེར་གཏོང་དགོས། བུད་མེད་འཕེལ་རྒྱས་ཀྱི་རྩ་གནད་ལག་བསྟར་བཟང་བོ་བྱེད་པ་དང་འཕེལ་རྒྱས་ཁོར་ཡུག་ལེགས་བཅོས་དང་འཕེལ་རྒྱས་ཁྲོད་ཀྱི་འབུར་ཐོན་གནད་དོ་ཐག་གཅོད་བཟང་བོ་བྱེད་དགོས་པར་མ་ཟད། ཁྲིམས་ལྟར་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་པ་དང་བུད་མེད་ཀྱི་ཁེ་དབང་ལ་གནོད་སྐྱེལ་བའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བྱེད་དགོས་ཟེར།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག