མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་ཧིན་རྡུ་ཉི་ཞི་ཡ་མི་དམངས་གྲོས་མོལ་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཞི་ཏ་ཨེར་ཐོ་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-01 11:10


ཟླ10བའི་ཚེས31ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་ནས་ཧིན་རྡུ་ཉི་ཞི་ཡ་མི་དམངས་གྲོས་མོལ་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཞི་ཏ་ཨེར་ཐོ་ལ་མཇལ་འཕྲད་གནང་བ།

ཟླ10བའི་ཚེས31ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་ནས་ཧིན་རྡུ་ཉི་ཞི་ཡ་མི་དམངས་གྲོས་མོལ་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཞི་ཏ་ཨེར་ཐོ་ལ་མཇལ་འཕྲད་གནང་བ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་སྤྱི་ཟླ10བའི་ཚེས31ཉིན་པེ་ཅིན་ནས་ཧིན་རྡུ་ཉི་ཞི་ཡ་མི་དམངས་གྲོས་མོལ་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཞི་ཏ་ཨེར་ཐོ་ལ་མཇལ་འཕྲད་གནང་།

ཀྲང་ཏི་ཅང་གིས་གསུངས་རྒྱུར། ཧིན་རྡུ་ཉི་ཞི་ཡ་ནི་ཀྲུང་གོའི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན། ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཧིན་རྡུ་ཉི་ཞི་ཡ་མི་དམངས་གྲོས་མོལ་གྲོས་ཚོགས་བར་གྱི་བརྗེ་རེས་དང་མཉམ་ལས་ལ་སྔར་ལས་ཤུགས་བསྣན་ཏེ། གྲོས་ཁང་ཕྱོགས་ནས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་གལ་ཆེན་ལག་ལེན་མཐར་ཕྱིན་བྱས་ནས། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་གཉིས་ཀྱི་འབྲེལ་བ་བདེ་བླག་སྒོས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

ཞི་ཏ་ཨེར་ཐོ་ཡིས་བཤད་རྒྱུར། ད་ལྟ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་དམ་དུ་འགྲོ་བཞིན་ཡོད་པས། རྒྱལ་ཁབ་གཉིས་ཀྱིས་གྲོས་ཁང་བར་གྱི་འགྲོ་འོང་ལ་སྔར་ལས་ཇེ་དམ་དུ་བཏང་སྟེ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་འཕེལ་རྒྱས་སུ་གཏོང་བར་རེ་བ་བྱེད་ཀྱིན་ཡོད་ཟེར།   །   

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག