མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-31 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ10བའི་ཚེས30ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱི་ཚོགས་རྒུད་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་སྐྱོང་བྱེད་ཐབས་སྤྱད་དེ་དཀའ་ཁག་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་བདེ་འཇགས་ལ་ཁག་ཐེག་བཟང་བྱེད་དགོས་པར་གྲོས་བསྡུར་བྱས།

གྲོས་ཚོགས་སྟེང་བལྟས་ན། སྤྱི་ཚོགས་རྒུད་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་དེ་དཀའ་ཁག་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དང་ཁ་རྒྱབ་ཀྱི་གནད་དོན་དང་འབྲེལ་བ་ཡོད་པས། དམངས་འཚོར་ཁག་ཐེག་བྱེད་པ་དང་། དྲང་བདེན་ཡོང་བར་སྐུལ་འདེད་གཏོང་བའི་རྨང་གཞི་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་ཡིན་པས། ངེས་པར་དུ་བཅོས་བསྒྱུར་བྱ་བའི་ཤུགས་ཚད་ཇེ་ཆེར་བཏང་སྟེ། འབྲེལ་ཡོད་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། དམིགས་སའི་རང་བཞིན་གྱི་སྒོ་ནས་དཀའ་གནད་སྣ་ཚོགས་ཐག་བཅད་དེ། སྤྱི་ཚོགས་རྒུད་སྐྱོབ་བྱ་བར་སྟོབས་དང་ལྡན་པའི་ལམ་ལུགས་ཀྱི་ཁག་ཐེག་འདོན་སྤྲོད་བྱེད་དགོས་པར་སྙམ།

གྲོས་ཚོགས་སྟེང་གཅིག་ནས་མཁར་གྲོང་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་གཅིག་གྱུར་སྒོས་འཆར་འགོད་བྱེད་དགོས་པ་དང་། གཉིས་ནས་མཁར་གྲོང་གི་དཀའ་ཁག་ཧ་ཅང་ཆེ་བའི་མི་སྣར་གཉོར་སྐྱོང་བྱེད་པའི་ལམ་ལུགས་འཛུགས་སྐྲུན་བྱེད་དགོས། གསུམ་ནས་རང་བྱུང་གནོད་འཚེའི་རྒུད་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། བཞི་ནས་ལས་ཞུགས་མེད་པའི་ཁྱིམ་ཁང་གི་ལས་ཤོར་མི་སྣར་རོགས་སྐྱོར་བྱེད་པའི་བྱ་བ་བཟང་བོར་སྒྲུབ་དགོས། ལྔ་ནས་སྤྱི་ཚོགས་སྟོབས་ཤུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་བཅས་གཏན་ལ་ཕབ།   

གྲོས་ཚོགས་སྟེང་ད་རུང་དོན་དག་གཞན་པར་ཞིབ་འཇུག་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག