མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཏང་སྲིད་འགོ་ཁྲིད་ལས་བྱེད་པས་ཁེ་ལས་ནང་འགན་གནས་གཅིག་ལྕོགས་སུ་འཁུར་བའམ་འགན་གནས་འཁུར་རྒྱུར་སྔར་བས་ཚད་ལྡན་བཟོ་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-31 11:06

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་གོང་། ཀྲུང་གུང་ཀྲུང་དབྱང་གིས་ཆོག་མཆན་གནང་བ་བརྒྱུད། ཀྲུང་དབྱང་རྩ་འཛུགས་པུས་བརྡ་ཐོ་བཏང་ནས། ཏང་སྲིད་འགོ་ཁྲིད་ལས་བྱེད་པས་ཁེ་ལས་ནང་འགན་གནས་གཅིག་ལྕོགས་སུ་འཁུར་བའམ་འགན་གནས་འཁུར་བའི་གནད་དོན་སྔར་བས་ཚད་ལྡན་བཟོ་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ་འགྲེམ་སྤེལ་བྱས་ཡོད་པ་རེད། བསམ་འཆར་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཞབས་པའི་བཅའ་ཁྲིམས་ཞེས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་ངང་སྲིད་སྐྱོང་བྱེད་པའི་ཚད་གཞི་འགའ་ཞིག་ཅེས་པ་སོགས་ཁྲིམས་ལུགས་ཁྲིམས་སྲོལ་གྱིས་གཞི་འཛིན་ས་བྱེད་པ་དང་། དེ་སྔོན་གྱི་སྲིད་ཇུས་གཏན་འབེབས་ཀྱི་རྨང་གཞིའི་ཐོག ཏང་སྲིད་འགོ་ཁྲིད་ལས་བྱེད་པས་ཁེ་ལས་ནང་འགན་གནས་གཅིག་ལྕོགས་སུ་འཁུར་བའམ་འགན་གནས་འཁུར་བའི་ཐད་དོ་དམ་ལམ་ལུགས་སྔར་བས་ཚད་ལྡན་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་བྱེད་པ་དོ་དམ་ནན་པོ་བྱེད་པའི་བླང་བྱ་མངོན་པར་བྱ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག