མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་དབྱི་ལིང་དབྱི་ཟི་ལན་གྲོས་ཁང་གི་གྲོས་དཔོན་ལ་ལིས་ཅ་ཉི་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-31 11:05

0.jpg

  སྤྱི་ཟླ10བའི་ཚེས30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དབྱི་ལིང་དབྱི་ཟི་ལན་གྲོས་ཁང་གི་གྲོས་དཔོན་ལ་ལིས་ཅ་ཉི་ལ་མཇལ་འཕྲད་གནང་བ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ10བའི་ཚེས30ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དབྱི་ལིང་དབྱི་ཟི་ལན་གྲོས་ཁང་གི་གྲོས་དཔོན་ལ་ལིས་ཅ་ཉི་ལ་མཇལ་འཕྲད་གནང་།

  ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་དབྱི་ལིང་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་བཟང་བོ་བྱུང་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ཐད་ནས་གྲུབ་འབྲས་གཡུར་ཟ་བ་བླངས། ད་ལྟའི་གནས་བབ་འོག ཀྲུང་གོ་དང་དབྱི་ལིང་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་ལ། དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ཐད་ལའང་ཤུགས་རྐྱེན་བཟང་བོ་ཐེབས་ངེས་ཡིན། ཀྲུང་གོ་ཕྱོགས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ཕྱོགས་ནས་ཀྲུང་གོ་དང་དབྱི་ལིང་བར་གྱི་འབྲེལ་བར་ལྟ་སྟངས་འཛིན་པ་རྒྱུན་འཁྱོངས་བྱས་ནས། དབྱི་ལིང་ཕྱོགས་དང་ཀྲུང་གོ་དང་དབྱི་ལིང་བར་གྱི་སྲོལ་རྒྱུན་མཛའ་བཤེས་རྒྱུད་འཛིན་དང་འདོན་སྤེལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཛའ་མཐུན་མཉམ་ལས་འབྲེལ་བ་བདེ་བླག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

  ལ་ལིས་ཅ་ཉི་ཡིས་ཐོག་མར་དབྱི་ལིང་གི་བསམ་བློའི་གཙོ་འཛིན་ཧ་མེས་ནེ་དབྱི་དང་ཙུང་ཐུང་ལུའུ་ཧ་ཉི་གཉིས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕེན་ལ་སྙིང་ཉེ་བའི་འཚམས་འདྲི་ཞུས་པ་བརྒྱུད་སྒྲོག་བྱས། ཁོས་བཤད་རྒྱུར་དབྱི་ལིང་ཕྱོགས་ཀྱིས་ཀྲུང་གོ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཀྲུང་གོ་ཕྱོགས་དང་དཔལ་འབྱོར་ཉོ་ཚོང་དང་ནུས་ཁུངས། དངུལ་གཏོང་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་པར་རེ་སྒུག་བྱེད་ཀྱིན་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག