མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་ཀྱི་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་མི་སྣའི་ཕུགས་བསམ་འདུ་ཤེས་སྙན་ཞུ་ཚོགས་འདུ་པེ་ཅིན་ནས་ཚོགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-31 11:04

117939381_21n.jpg

  སྤྱི་ཟླ10བའི་ཚེས30ཉིན། རྒྱལ་ཡོངས་ཀྱི་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་མི་སྣའི་ཕུགས་བསམ་འདུ་ཤེས་སྙན་ཞུ་ཚོགས་འདུ་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཀྱི་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་མི་སྣའི་ཕུགས་བསམ་འདུ་ཤེས་སྙན་ཞུ་ཚོགས་འདུ་སྤྱི་ཟླ10བའི་ཚེས30ཡི་ཉིན་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད།

  ཡུས་ཀྲིན་ཧྲིན་གྱིས་བསྟན་དོན། སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་མི་སྣའི་ཕུགས་བསམ་འདུ་ཤེས་སློབ་གསོའི་ལག་ལེན་བྱ་འགུལ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་སོགས་ཀྲུང་དབྱང་མགོ་ཁྲིད་བློ་མཐུན་གྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་ཏུ་སྤེལ་བ་ཞིག་ཡིན་ལ། ཟླ་ལྔ་བའི་ཟླ་སྟོད་ནས་བཟུང་བྱ་འགུལ་མགོ་བརྩམས་པའི་ཚུན་ལ་རིམ་པ་སོ་སོའི་འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་དང་བཟོ་ཚོང་མཉམ་འབྲེལ་རྩ་འཛུགས་ཀྱིས་དམངས་གཉེར་ཁེ་ལས་བ་དང་ཀྲུང་གོའི་ཕུགས་འདུན་ཞེས་པ་བརྗོད་དོན་དུ་བཟུང་སྟེ། རྒྱ་ཆེ་བའི་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་མི་སྣ་བྱ་འགུལ་ཁྲོད་ཞུགས་པར་ཧུར་བརྩོན་གྱིས་སྐུལ་སློང་བྱེད་པ་དང་བརྗོད་དོན་འབུར་ཐོན་ཡིན་པ། དོན་དངོས་དང་ཉེ་བར་བཅར་བ། ཁྱད་ཆོས་མངོན་གསལ་ཡིན་པ་བཅས་ཀྱི་བྱ་འགུལ་རབ་དང་རིམ་པ་བརྒྱུད་ནས། སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་མི་སྣས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་བཅངས་པའི་འདུ་ཤེས་དང་ཏང་དང་སྲིད་གཞུང་ལ་བཅངས་པའི་ཡིད་ཆེས། ཁེ་ལས་འཕེལ་རྒྱས་ལ་བཅངས་པའི་ཆོད་སེམས་བཅས་སྔར་ལས་ཇེ་དྲག་ཏུ་བཏང་ཟེར།

  ཡུས་ཀྲིན་ཧྲིན་གྱིས་བསྟན་དོན། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་དང་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་གཉིས་མཉམ་དུ་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་དང་ཚད་ཆེས་ཆེ་བའི་སྒོ་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་ཁྲོམ་ར་གཉིས་ཀྱི་ཐོན་ཁུངས་སྒྲིག་གཞི་ཕན་ནུས་ལྡན་པའི་སྒོ་ནས་ཟུང་འབྲེལ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་འཕགས་རང་བཞིན་འདོན་སྤེལ་གང་ལེགས་བྱེད་དགོས། བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ཚུན་ལ་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་དེ་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་ཀྱི་མཛུབ་ཁྲིད་འོག་ཏུ་མེད་པ་ནས་ཡོད་པ་དང་ཆུང་བ་ནས་ཆེ་བར་གྱུར་ཏེ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་སོང་ནས། ད་ལྟ་གཞི་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་ཁྲོད་མེད་དུ་མི་རུང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུ་ཡོད་ཟེར།

  ཡུས་ཀྲིན་ཧྲིན་གྱིས་མཇུག་མཐར་རྒྱ་ཆེ་བའི་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་མི་སྣས་ཁེ་ལས་པའི་འགན་འཁྲི་ངེས་པ་དོན་གྱིས་ཕྲག་ཏུ་ཁུར་ནས་བློ་བརྟན་འགྱུར་མེད་དང་ཆོད་སེམས་ཡོད་པའི་སྒོ་ནས་ཁེ་ལས་ཀྱི་ལས་དོན་སྒྲུབ་པ་དང་། འཕར་སྟངས་བསྒྱུར་ནས་རིམ་པ་འཕར་བར་ཤུགས་བསྣན་ཏེ་སྤུས་ཚད་མཐོ་བ་དང་ཕན་ནུས་ཡོད་པ། རྒྱུན་མཐུད་འཕེལ་རྒྱས་བཅས་ཀྱི་དམིགས་འབེན་མངོན་འགྱུར་བྱས་ནས་རང་འགུལ་གྱི་སྒོ་ནས་སྤྱི་ཚོགས་ལ་འགན་ཁུར་བ་དང་ཁྲིམས་ལྟར་ཉོ་ཚོང་བདག་གཉེར་བྱེད་པ་བཅས་བྱས་ཏེ། འཛད་སྤྱོད་པ་ཡོངས་ལ་སྤུས་ལེགས་བདེ་འཇགས་ཀྱི་ཐོན་རྫས་དང་ཞབས་ཞུ་བཟང་བོ་འདོན་སྤྲོད་བྱེད་པ་དང་རྒྱུན་ཆད་མེད་པར་རང་སྟེང་གི་སྤུས་ཚད་མཐོར་འདེགས་སུ་བཏང་ནས་སྤྱི་ཚོགས་ཀྱི་ཡར་རྒྱས་གོང་འཕེལ་ཐད་ལ་ནུས་པ་ངོ་མ་འདོན་དགོས་པའི་རེ་བ་བཏོན།

  སྙན་ཞུ་ཚོགས་འདུའི་སྟེང་ཝང་ཡུས་ཟའོ་དང་ཏིན་ཅན་ཀྲུང་། ལིག་ཆིན་ཧྥུན་སོགས་ཁེ་ལས་པའི་འཐུས་མི་བདུན་གྱིས་སློབ་གསོའི་ལག་ལེན་བྱ་འགུལ་ཁྲོད་ཞུགས་པའི་ཉམས་མྱོང་དང་བསམ་ཚུལ་བརྗེ་རས་བྱས།  སྙན་ཞུ་ཚོགས་འདུ་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་རྣམ་པའི་སྒོ་ནས་བསྡུས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལིན་ཅི་ཧྭ་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག