མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱིས་རྒྱང་ཚོར་སྲུང་སྐར་བཅོ་བརྒྱད་པ་རྟགས་ཅན་འཕེན་གཏོང་བྱེད་རྒྱུ་ལེགས་གྲུབ་བྱུང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-30 11:16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ10བའི་ཚེས29ཉིན་གྱི་ཆུ་ཚོད10དང་སྐར་མ50ཡི་ཐོག རང་རྒྱལ་གྱིས་ཐེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་གཉིས་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདེལ་ང་པས་རྒྱང་ཚོར་སྲུང་སྐར་བཅོ་བརྒྱད་པ་རྟགས་ཅན་བར་སྣང་ཁམས་སུ་འཕེན་གཏོང་བྱེད་རྒྱུ་ལེགས་གྲུབ་བྱུང་བ་དང་སྲུང་སྐར་བདེ་བླག་ངང་སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་སླེབས་ཡོད་པ་རེད། རྒྱང་ཚོར་སྲུང་སྐར་བཅོ་བརྒྱད་པ་རྟགས་ཅན་ནི་གཙོ་བོ་ཚན་རིག་ཚོད་ལྟ་བྱེད་པ་དང་རྒྱལ་ཁོངས་ས་ཆའི་ཐོན་ཁུངས་ཡོང་ཁྱབ་ཞིབ་བཤེར་བྱེད་པ། ཞིང་ལས་ལོ་ཏོག་གི་ཐོན་བབ་ལ་ཚོད་དཔག་རྒྱག་རྒྱུ། གནོད་འགོག་འགེགས་སེལ་སོགས་ཀྱི་ཁྱབ་ཁོངས་ཐད་བེད་སྤྱོད་གཏོང་གི་ཡོད་པ་དང་དེ་ནི་རྒྱང་སྐྱོད་སྐྱེལ་འདྲེན་མེ་ཤུགས་འཕུར་མདེལ་རབ་དང་རིམ་པ་འཕེན་གཏོང་བྱེད་ཐེངས183པ་དེ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག