མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོ་དང་ཨ་རིའི་རྡུལ་ཉིང་བདེ་སྲུང་དཔེ་སྟོན་ལྟེ་གནས་པེ་ཅིན་དུ་ལས་འགོ་བཙུགས་ནས་འཛུགས་སྐྲུན་བྱེད་འགོ་ཚུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-30 11:16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་རྒྱལ་ཁབ་རྡུལ་ཕྲན་ནུས་པའི་ལས་ཁུངས་དང་ཨ་རིའི་ནུས་པའི་འབྱུང་ཁུངས་པུས་སྤྱི་ཟླ10བའི་ཚེས29ཉིན་པེ་ཅིན་དུ་མཉམ་འབྲེལ་ཐོག་ཀྲུང་གོ་དང་ཨ་རིའི་རྡུལ་སྙིང་བདེ་སྲུང་དཔེ་སྟོན་ལྟེ་གནས་ལས་འགོ་ཚུགས་པའི་མཛད་སྒོ་གཉེར་བ་རེད། ངོ་སྤྲོད་བྱུང་བར་གཞིགས་ན། ཀྲུང་གོ་དང་ཨ་རིའི་རྡུལ་ཉིང་བདེ་སྲུང་དཔེ་སྟོན་ལྟེ་གནས་དེ་སྤྱི་ལོ2015ལོར་ལས་མཇུག་རྒྱུའི་འཆར་གཞི་ཡོད་པ་དང་ལག་རྩལ་འགྲེམས་སྟོན་ཟབ་སྦྱོང་ཁང་ཆེན་དང་དབྱེ་ཞིབ་ཚོད་ལྟའི་ཁང་ཆེན། ཚན་ཞིབ་ཁང་ཆེན། ཁོར་ཡུག་ཚོད་ལྟ་ཁང་། ལན་བྱེད་སྟོབས་ཤུགས་འཁྲབ་སྦྱོང་སྒྲིག་ཆས། དངོས་རྫས་སྲུང་སྐྱོབ་ཚད་ལེན་བྱེད་ས་སོགས་ཀྱི་སྒྲིག་བཀོད་བཀོད་སྒྲིག་བྱེད་རྒྱུ་ཡིན་པ་རེད། ལྟེ་གནས་དེ་སྐྲུན་ཟིན་རྗེས་ཀྲུང་གོ་དང་ཨ་རིའི་རྡུལ་ཉིང་བདེ་སྲུང་དཔེ་སྟོན་ལྟེ་གནས་དེ་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ས་ཁུལ། ཐ་ན་འཛམ་གླིང་ཡོངས་དུ་གཞི་ཁྱོན་ཆེ་ཤོས་དང་སྒྲིག་ཆས་ཆ་ཚང་ཤོས། ལག་རྩལ་ཆེས་སྔོན་ཐོན་བཅས་ཀྱི་རྡུལ་ཉིང་བདེ་སྲུང་སྤེལ་རེས་དང་ཟབ་སྦྱོང་ལྟེ་གནས་སུ་གྱུར་རྒྱུ་ཡིན་པ་དང་ཀྲུང་གོ་དང་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ས་ཁུལ་བཅས་ཀྱི་རྡུལ་སྙིང་བདེ་སྲུང་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་རྡུལ་ཉིང་བདེ་སྲུང་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག