མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་སྦྱོང་ཀློག་དེབ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-30 11:16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་རབ་དང་རིམ་པ་སློབ་སྦྱོང་གཏིང་ཟབ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་ཕུག་འདུན་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་གཏོང་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་སྦྱོང་ཀློག་དེབ་ཅེས་པའི་དེབ་དེ་ཉེ་ཆར་སློབ་སྦྱོང་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་ཡོད་པ་རེད། དེབ་དེའི་ནང་དོན་ཕུན་སུམ་ཚོགས་པ་དང་ལྟ་བ་ཁ་གསལ་བ། ནང་དོན་བསྡུས་ཤིང་གསལ་བ། རྩོམ་སྲོལ་བབ་ཆག་བཅས་ཡོད་པས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས། མཐོ་རིམ་སློབ་ཆེན་གྱི་དགེ་སློབ་བཅས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པའི་ཀློག་དེབ་ལ་བརྩིས་ཆོག་ལ་གཞི་རིམ་ཏང་རྩ་འཛུགས་དང་ཏང་གི་སློབ་གྲྭ། ལས་བྱེད་སློབ་གྲྭ འཆད་ཁྲིད་ཚོགས་པ་བཅས་ཀྱིས་ཏང་ཡོན་ལ་ཟབ་སྦྱོང་བྱེད་པ་དང་བཤད་འཁྲིད་སྒྲིག་འཛུགས་བྱེད་པའི་སློབ་གཞིར་བརྩིས་ཆོག་གི་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག