མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཟའ་རིགས་བདེ་འཇགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་ཡོངས་བསྒྲགས་ཐོག་བསམ་འཆར་བསྡུ་ལེན་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-30 11:16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་ལུགས་གཞུང་ལས་ཁང་གིས་སྤྱི་ཟླ10བའི་ཚེས29ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཟའ་རིགས་བདེ་འཇགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་མ་ཟིན་ཞེས་པར་ཡོངས་བསྒྲགས་ཐོག་བསམ་འཆར་བསྡུ་ལེན་བྱས་ཡོད་པ་དང་། གྲོས་ཞིབ་བྱ་རྒྱུར་ཕུལ་བའི་མ་ཟིན་ནང་། ཁྲིམས་འགལ་དང་སྒྲིག་སྲོལ་ལས་བརྒལ་བའི་བྱ་སྤྱོད་ལ་ཆད་པ་དང་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་པའི་གཏན་འབེབས་བྱས་ཡོད་པ་རེད། བསམ་འཆར་འདོན་པའི་དུས་བཀག་ནི་སྤྱི་ལོ2013ལོའི་ཟླ་བ11པའི་ཚེས29ཉིན་བར་ཡིན་པ་རེད། གྲོས་ཞིབ་བྱ་རྒྱུར་ཕུལ་བའི་མ་ཟིན་ནང་ལྟ་སྐུལ་དོ་དམ་སྒྲིག་གཞི་སྒྱུར་བཅོས་དང་སྲིད་གཞུང་གི་འགན་ནུས་བརྗེ་སྒྱུར་གྲུབ་འབྲས་དོན་འཁྱོལ་བྱེད་པ་དང་། ཁེ་ལས་ཀྱི་གཙོ་གཟུགས་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ས་གནས་སྲིད་གཞུང་གི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ལྟ་སྐུལ་དོ་དམ་སྒྲིག་གཞིའི་བྱ་ཐབས་གསར་གཏོད་བྱེད་པ། བཟའ་རིགས་བདེ་འཇགས་དང་སྤྱི་ཚོགས་མཉམ་བཅོས་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་འགལ་དང་སྒྲིག་སྲོལ་ལས་བརྒལ་བའི་བྱ་སྤྱོད་ལ་ཆད་པ་དང་ཐག་གཅོད་ནན་པོ་བྱེད་པའི་ཕྱོགས་དྲུག་གི་ཐད་ད་ལྟ་ལག་བསྟར་བྱེད་པའི་བཅའ་ཁྲིམས་ལ་བཟོ་བཅོས་དང་ཁ་གསབ་བྱས་ཡོད་པ་རེད། འབྲེལ་ཡོད་ཚན་པ་དང་ལས་རིགས་ཁག་གི་མི་སྣས་ཀྲུང་གོའི་སྲིད་གཞུང་གི་ཁྲིམས་ལུགས་ཆ་འཕྲིན་དྲ་བའི་ཐོག་ཡི་གེ་དང་གློག་རྡུལ་ཡིག་སྒམ་སོགས་བྱ་ཐབས་བརྒྱུད་བསམ་འཆར་མ་ཟིན་བསམ་འཆར་འདོན་ཆོག་གི་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག