མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དུས་བབ་གསར་པའི་འོག་གི་མི་དམངས་སྲིད་གྲོས་ཀྱི་མི་རིགས་ཆོས་ལུགས་ལས་དོན་ལ་སྐུལ་འདེད་གཏོང་བའི་ཞིབ་བསྡུར་ཚོགས་འདུ་འཚོགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-30 11:16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དུས་བབ་གསར་པའི་འོག་མི་དམངས་སྲིད་གྲོས་ཀྱི་མི་རིགས་ཆོས་ལུགས་ལས་དོན་ལ་སྐུལ་འདེད་གཏོང་བའི་ཞིབ་བསྡུར་ཚོགས་འདུ་སྤྱི་ཟླ10བའི་ཚེས29ཉིན་ཧོ་ནན་ཀྲེང་ཀྲོའུ་རུ་འཚོགས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མ་པེའོ་མགོ་ཚུགས་མཛད་སྒོར་ཕེབས་པ་མ་ཟད་གསུང་བཤད་གནང་། ཁོང་གིས་མི་དམངས་སྲིད་གྲོས་ཀྱི་མི་རིགས་ཆོས་ལུགས་ལས་དོན་ནི་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་ཆོས་ལུགས་ལས་དོན་གྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་གྱི་བླང་བྱ་གཞིར་བཟུང་། ལས་དོན་ཁྲོད་སྔ་ཕྱི་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པ་དང་། ལྟེ་བར་གཞིགས་པ། གནས་བབ་ཧྲིལ་པོར་ཞབས་ཞུ་སྒྲུབ་པ་བཅས་བྱས་ཏེ། འབྲེལ་བ་མཐུན་སྦྱོར་དང་། འགལ་ཟླ་སེལ་བ། མི་སེམས་གཅིག་ཏུ་འདུས་པ། ཞི་མཐུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། ཁོང་གིས་ངེས་པར་དུ་ཏང་གི་མང་ཚོགས་ལམ་ཕྱོགས་དེ་མི་རིགས་ཆོས་ལུགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་པ་དང་། མང་ཚོགས་ནས་དོ་ཁུར་ཆེ་ཤོས་བྱེད་པ་དང་། ཆེས་ཐད་ཀ ཆེས་དོན་དངོས་བཅས་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། ལས་རིགས་སོ་སོའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། དུས་ཐོག་ཏུ་མི་རིགས་ཆོས་ལུགས་ཁྱབ་ཁོངས་ནང་གི་གལ་ཆེའི་གནས་ཚུལ་སྙན་ཞུ་བྱེད་པ། ཏང་དང་སྲིད་གཞུང་གིས་དུས་བབ་གསར་པའི་འོག་མི་རིགས་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་རྒྱུར་རམ་འདེགས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག